ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འོས་སྦྱོར་ལེ་ཚན།

སྐད་འཕྲིན་གྱི་གསལ་བསྒྲགས་གསར་ཤོས།

2023-08-22 17:30:00     责编:娜科

   ཉེ་ཆར། སྐད་འཕྲིན་བདེ་འཇགས་ལྟེ་གནས་ཀྱིས་གནས་འཕྲིན་སྤེལ་ནས། སྐད་འཕྲིན་ཚོགས་པས་སྤྱོད་མཁན་ལ“དགའ་སྐྲག་ཟུང་འབྲེལ་གྱི་རྨོངས་སྒམ”གྱི་མྱུར་སྐྱེལ་གཏན་ནས་བསྐུར་མྱོང་མེད་པས་ཚང་མར་མགོ་སྐོར་འོག་ཚུད་མི་རུང་བའི་དྲན་སྐུལ་བྱས་པ་རེད། ནང་དོན་གཤམ་གསལ་ལྟར།

   ཉེ་ཆར། སྐད་འཕྲིན་ཚོགས་པར་སྤྱོད་མཁན་གྱི་ཚུར་ལན་འབྱོར་བ་སྟེ། མི་ལ་ལར“སྐད་འཕྲིན་ཚོགས་པའི”མིང་ཐོག་ནས་བསྐུར་བའི“དགའ་སྐྲག་ཟུང་འབྲེལ་གྱི་རྨོངས་སྒམ”གྱི་མྱུར་སྐྱེལ་འབྱོར་ཞིང་། དེའི་ནང་རྩ་གཉིས་ཨང་རྟགས་དཔར་བའི་ཤོག་བྱང་གཅིག་ཡོད། 

   སྐད་འཕྲིན་ཚོགས་པས་དེའི་ཐད་གསལ་བསྒྲགས་སྤེལ་ནས། སྐད་འཕྲིན་ཚོགས་པས་སྤྱོད་མཁན་ལ“དགའ་སྐྲག་ཟུང་འབྲེལ་གྱི་རྨོངས་སྒམ”གྱི་མྱུར་སྐྱེལ་གཏན་ནས་སྐུར་མྱོང་མེད་པ་དང་། མྱུར་སྐྱེལ་ནང་གི་རྩ་གཉིས་ཨང་རྟགས་ནི་མགོ་སྐོར་གཏོང་ཆེད་ཡིན་པས་རྒྱ་ཆེའི་སྤྱོད་མཁན་གྱིས་ངེས་པར་དུ་དེར་བཤེར་འབེབས་བྱེད་མི་རུང་། 

   སྐད་འཕྲིན་བདེ་འཇགས་ལྟེ་གནས་ཀྱིས་ཚང་མར་དྲན་སྐུལ་བྱས་དོན། ཡོང་ཁུངས་མི་གསལ་བའི་རྩ་གཉིས་ཨང་རྟགས་བཤེར་འབེབས་བྱེད་མི་རུང་བ་དང་། རིན་མེད་ངང་ལག་རྟགས་སྤྲད་པར་དོགས་གནད་ཡོད་པས་གོང་ཁེ་པོར་རྔམ་ནས་མགོ་སྐོར་འོག་ཚུད་མི་རུང་། 

འཛམ་གླིང་སྐར་ཁུངས།

​​▶ཨུ་རུ་སུས་མོ་སི་ཁོར་ཡུག་རེན་གྱི་མི་མེད་གནམ་གྲུ་ཞིག་གཏོར་བ།

ཅུང་སྔ་ཙམ་གྱི་གོང་ལ། ཨུ་རུ་སུའི་སྨྱན་སྦྱོར་གྱིས་ཛ་དྲག་གནས་ཚུལ་སྡེ་ཚན་གྱི་ཆ་འཕྲིན་དྲངས་ནས་གནས་ཚུལ་སྤེལ་བ་ལྟར་ན།མོ་སི་ཁོའི་གྲོང་ཁྱེར་ལྟེ་གནས་ཀྱི་འགྲེམས་སྟོན་ཁང་ཁག་གཅིག་ལ་གཏོར་སྐྱོན་ཕོག་ཡོད་པ་རེད།

中央广播电视总台 央广网 版权所有

སྐད་འཕྲིན་གྱི་གསལ་བསྒྲགས་གསར་ཤོས།

ཡོང་ཁུངས་མི་གསལ་བའི་རྩ་གཉིས་ཨང་རྟགས་བཤེར་འབེབས་བྱེད་མི་རུང་བ་དང་། རིན་མེད་ངང་ལག་རྟགས་སྤྲད་པར་དོགས་གནད་ཡོད་པས་གོང་ཁེ་པོར་རྔམ་ནས་མགོ་སྐོར་འོག་ཚུད་མི་རུང་།