ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འོས་སྦྱོར་ལེ་ཚན།

ཡུལ་ཤུལ་དུ་ཕྲུ་གུ་དམར་འབྱར་བསླུས་པའི་གྱོད་གཞི་ཞིག་རྩད་ཆོད་འདུག

2023-08-01 16:20:00     责编:娜科

     གསར་འགོད་པས་ཚེས་26ཉིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་ཁྲེང་ཀོན་མངགས་གཏོང་ཁང་དང་མཉམ་འབྲེལ་སྒོས་ཕྲུ་གུ་གཞན་གྱིས་བསླུས་པའི་གྱོད་གཞི་ཞིག་དུས་ཐུང་ཆུ་ཚོད་2ནང་རྩད་ཆོད་ཡོད།

 

 

     ངོ་སྤྲོད་བྱས་པ་ལྟར་ན། 2023ལོའི་ཟླ་7པའི་ཚེས་21ཉིན་གྱི་ཆུ་ཚོད་7ཙམ་ལ།  རྫ་སྟོད་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་དུ་རྫ་སྟོད་རྫོང་སྨན་ཁང་གི་ལས་རེས་སྨན་དོན་མི་སྣའི་ཉེན་བརྡ་འབྱོར་བ་སྟེ། སྨན་ཁང་གི་སྡོད་བཅོས་ཁང་གི་ནད་ཁང་ཞིག་ནས་ཕྲུ་གུ་ཞིག་བོར་སོང་བས། ཉེན་རྟོག་པ་མངགས་རྒྱུའི་རེ་ཞུ་བྱས། ཉེན་བརྡ་འབྱོར་རྗེས། གྱོད་སྒྲུབ་མི་དམངས་ཉེན་རྟོག་པ་དུས་ཐོག་ཏུ་ཡུལ་དངོས་སུ་ཡོང་ནས་བརྟག་དཔྱད་ལས་དོན་སྤེལ། འདྲི་རྩད་དབྱེ་ཞིབ་བྱས་པ་བརྒྱུད། དོགས་ཡོད་མི་སྣའི་ཐོབ་ཐང་མགྱོགས་མྱུར་ཤེས་པ་མ་ཟད། དོགས་ཡོད་མི་སྣ་རྫོང་གྲོང་ནས་ཁ་བྲལ་བའི་བརྡར་ཤ་བཅད་པ་རེད། 

 

 

     རྫ་སྟོད་རྫོང་སྤྱི་བདེ་ཅུས་ཀྱིས་དེ་མུར་ཉེན་རྟོག་པ་རྩ་འཛུགས་བྱས་ཤིང་ལམ་ཐིག་བརྒྱུད་དེ་བདའ་འདེད་བཏང་བ་དང་། ཆུ་ཚོད་2ལས་མ་འགོར་བར། མི་དམངས་ཉེན་རྟོག་པས་རྫ་སྟོད་རྫོང་ཨ་སྟོད་ཤང་ཁོངས་གཏོགས་སུ་ཕྲུ་གུ་བསླུ་མཁན་གྱི་དོགས་ཡོད་ཉེས་ཅན་གཉིས་འཛིན་བཟུང་བྱས་པ་མ་ཟད། ཕྲུ་གུ་ཕྱིར་རང་གི་ཕ་མར་སྤྲད་པ་རེད། སྨན་དོན་མི་སྣས་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཤིང་། ཕྲུ་གུའི་ལུས་པོའི་གནས་ཚུལ་ཅུང་ཡག་པོ་ཡོད།

 

 

     འདྲི་རྩད་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་གཉིས་པོ་བཟའ་ཚང་ཡིན་པ་དང་། དོགས་ཡོད་ཉེས་ཅན་ཚེ་ཆེ་གེ་མོས་རང་ཉིད་ལ་ལོ་མང་པོར་མངལ་མ་སྦྲུམ་པས། ཕྲུ་གུ་བརྐུས་ནས་བདག་གིར་བྱེད་པའི་བསམ་བློ་སྐྱེས་བྱུང་ཞེས་བརྗོད། ཟླ་7པའི་ཚེས་21ཉིན་གྱི་ཐོ་རེངས་སུ། ཚེ་ཆེ་གེ་མོས་རྫ་སྟོད་རྫོང་སྨན་ཁང་ནས་ཕྲུ་གུ་དམར་འབྱར་ཞིག་བརྐུས་རྗེས། མཚན་དགུང་དེ་རང་ལ་ཁྱོ་ག་རྡོ་ཆེ་གེ་མོ་དང་ལྷན་དུ་རླངས་འཁོར་བཏང་ནས་འབྲོག་ཁུལ་དུ་བྲོས་པ་རེད།

     མིག་སྔར། དོགས་ཡོད་ཉེས་ཅན་ཚེ་ཆེ་གེ་མོ་དང་རྡོ་ཆེ་གེ་མོ་གཉིས་ཀ་ཉེས་དོན་བཀག་ཉར་བྱས་ཡོད་ལ། གྱོད་གཞི་འདི་མྱུལ་ཞིབ་བྱེད་བཞིན་པའི་སྒང་རེད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག གཡུ་སྒྲོན།

ཡིག་སྒྱུར། རིན་ཆེན་འཚོ། 

འཛམ་གླིང་སྐར་ཁུངས།

▶ཀུ་ཐེ་ལེ་སིས་གོ་ལ་ཧྲིལ་པོར་ཚ་གདུཊ་རབ་ཏུ་ཆེ་བའི་དུས་རབས་ཤིག་་་

ཁོང་གིས་རྒྱལ་ཁབ་ཁག་གིས་ངེས་པར་དུ་འཕྲལ་མར་བྱ་སྤྱོད་སྤེལ་བ་དང་དགེ་མཚན་ལྡན་པའི་བྱེད་ཐབས་སྤྱད་ནས་གནོད་འཚེ་མི་ཐོན་པ་བྱེད་དགོས་ཞེས་འབོད་སྐུལ་གནང་ཡོད།

中央广播电视总台 央广网 版权所有

ཡུལ་ཤུལ་དུ་ཕྲུ་གུ་དམར་འབྱར་བསླུས་པའི་གྱོད་གཞི་ཞིག་རྩད་ཆོད་འདུག

མིག་སྔར། དོགས་ཡོད་ཉེས་ཅན་ཚེ་ཆེ་གེ་མོ་དང་རྡོ་ཆེ་གེ་མོ་གཉིས་ཀ་ཉེས་དོན་བཀག་ཉར་བྱས་ཡོད་ལ། གྱོད་གཞི་འདི་མྱུལ་ཞིབ་བྱེད་བཞིན་པའི་སྒང་རེད།