ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འོས་སྦྱོར་ལེ་ཚན།

མཐའ་མཚམས་ལ་ཡུལ་སྐོར་དུ་འགྲོ་རྩིས་ཡོད་ན་འདིར་གཏམ་བཟང་ཞིག་འདུག

2023-07-19 16:04:00     责编:娜科

 ལྷ་སར་མཐའ་མཚམས་འགྲོ་འོང་ལག་ཁྱེར་གྱི་འགྲོ་ལུགས་གཉེར་སྟབས་བདེ་རུ་བཏང་བ།

ཡུལ་སྐོར་ཚོགས་པར་མ་ཞུགས་པའི་ཡུལ་སྐོར་བས་ཀྱང་རིན་མི་དགོས་པར་གཉེར་ཆོག་གི་འདུག

 

ལག་ཁྱེར་གཉེར་སའི་ས་གནས། ལྷ་ས་མཐའ་སྲུང་བ་གམ། 

ལག་ཁྱེར་གཉེར་སྟངས། རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་ཁྱེར་ནས“ལྷ་ས་མཐའ་སྲུང་བ་གམ”ནས་རིན་པ་མི་དགོས་པར་གཉེར་ཆོག

 

དོ་སྣང་བྱེད་དགོས་པའི་དོན་ཚན། 

    གཅིག ས་ཆ་གཞན་ནས་སྒེར་གྱི་མོ་ཊ་བཏང་སྟེ་ཡུལ་སྐོར་ལ་སྐྱོད་མཁན་ཚོས་ཀྱང་གཉེར་ཆོག 

    གཉིས། ལག་ཁྱེར་མ་གཉེར་གོང་། རང་ཉིད་ཀྱི་ཐེམ་ཐོ་གནས་ཡུལ་གྱི་དྲ་ཐོག་ནས་ཉེས་པ་གསོག་མྱོང་མེད་པའི་ངོ་སྤྲོད་འབྲི་དགོས།(ཞིང་ཆེན་ཁག་གིས་དྲ་ཐོག་ནས་ངོ་སྤྲོད་ཇི་ལྟར་འབྲི་དགོས་མིན་གཤམ་གྱི་རི་མོར་བལྟས་ན་འགྲིག)

གལ་ཏེ་དྲ་ཐོག་ནས་ངོ་སྤྲོད་འབྲི་མ་ཐུབ་ཚེ། གཤམ་གྱི་རེའུ་མིག་སྤྱད་དེ་ཁྱིམ་མིའམ་ཡང་ན་གྲོགས་པོ་མངགས་ནས་ཐེལ་ཙེ་རྒྱག་པ་དང་། པར་བརྒྱབ་ནས་ཁྱེད་རང་ལ་བསྐུར་རྗེས། ཁྱེད་ཀྱིས་དེ་དག་པར་སློག་བརྒྱབ་ནས་ཐད་ཀར་ཐོབ་ཐང་ལག་ཁྱེར་དང་མཉམ་དུ་ལག་ཁྱེར་གཉེར་སར་སྤྲོད་དགོས་པ་མ་ཟད། རང་ཉིད་མཐའ་མཚམས་ས་ཁུལ་གང་དག་ལ་འགྲོ་དགོས་པ་བརྗོད་ཚེ། ལག་ཁྱེར་གཉེར་བར་སྤྱིར་བཏང་སྐར་མ་གཅིག་ཀྱང་འགོར་གྱི་མེད།

འཛམ་གླིང་སྐར་ཁུངས།

ཝང་དབྱི་དང་ཨ་རིའི་རྒྱལ་དོན་བློན་ཆེན་ཐུག་འཕྲད་བྱས་པ།

ཕྱོགས་གཉིས་པོས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་དང་མཚོ་ཐོག་ལས་དོན་གྲོས་མོལ་སོགས་ཀྱི་ཐད་ལའང་གྲོས་བསྡུར་ཧུར་ཐག་བྱས་པ་རེད། ད་ཐེངས་ཀྱི་ཐུག་འཕྲད་ནི་བློ་དཀར་སེམས་དཀར་དང་། དངོས་གཉེར། དགེ་མཚན་ལྡན་པ་བཅས་ཀྱི་ངོས་འཛིན་བྱུང་ནས་མུ་མཐུད་འབྲེལ་གཏུག་རྒྱུན་འཁྱོངས་བྱ་རྒྱུའི་མོས་མཐུན་བྱས་པ་རེད།

中央广播电视总台 央广网 版权所有

མཐའ་མཚམས་ལ་ཡུལ་སྐོར་དུ་འགྲོ་རྩིས་ཡོད་ན་འདིར་གཏམ་བཟང་ཞིག་འདུག

གལ་ཏེ་དྲ་ཐོག་ནས་ངོ་སྤྲོད་འབྲི་མ་ཐུབ་ཚེ། གཤམ་གྱི་རེའུ་མིག་སྤྱད་དེ་ཁྱིམ་མིའམ་ཡང་ན་གྲོགས་པོ་མངགས་ནས་ཐེལ་ཙེ་རྒྱག་པ་དང་།