ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འོས་སྦྱོར་ལེ་ཚན།

▶སྔོ་ཚལ་འདེབས་དུས་ཞིང་ནང་འགྲོ་མི་དགོས་པ་སོགས་ཀྱི་ལག་རྩལ་ཐོན་འདུག

2023-03-20 14:11:00     责编:娜科

     ཆུ་གཏོར་དུས་ལག་པ་རློན་པ་མི་ཆག་པ་དང་སྔོ་ཚལ་འདེབས་དུས་ཞིང་ཁར་འགྲོ་མི་དགོས་པ། ལོ་ལེགས་འབྱུང་མིན་གནམ་གཤིས་དང་ཆར་ཆུ་ལ་བརྟེན་མི་དགོས་པའི་ཡོད་མི་སྲིད་པ་དང་ངོ་མཚར་ཆེ་བའི་སྣང་ཚུལ་དེ་དག་དོན་དངོས་སུ་ཇི་ལྟར་གྱུར་པ་རེད་དམ་ཞེ་ན།  འདིའི་ལན་ནི། AI མིས་བཟོས་རིག་སྟོབས་སྤྱད་དེ་སྔོ་ཚལ་འདེབས་པ་ཞིག་རེད།

     དྲོད་དང་འོད། ཆུ་དང་རླུང་། རྫས་ལུད་བཅས་ཚོད་འཛིན་མཐོན་པོ་བྱེད་པའི་རྩི་ཤིང་བཟོ་གྲྭའི་ནང་དུ། འབྲི་ཏ་ས་འཛིན་དང་། ཀྲུ་མ་ཀྲུ། སྔོ་ཚོད་བཅས་ཀྱིས་སྐྱེ་འཚར་ལ་ཆེས་འཚམ་པའི་མིས་བཟོས་འོད་ཡོད་པ་དང་།  ཆེས་འཚམ་པའི་འཚོ་བཅུད་འཐུང་བཞིན་ཡོད་ལ། ཚལ་འདེབས་མཁན་དངོས་སུ་ཚལ་འདེབས་སའི་ཡུལ་དངོས་ལ་འགྲོ་མི་དགོས་བར།  རྩེར་སོན་པར་ཆས་དང་གློག་རྡུལ་ཚོར་གཏོང་མ་ལག་སོགས་བརྒྱུད་དེ་རྩི་ཤིང་དག་དྲ་ཐོག་ནས་མཐོང་ཐུབ་པ་དང་།   རྩི་ཤིང་གི་སྐྱེ་ཚུལ་དངོས་དང་རྩི་ཐབས་ལ་གཞིགས་ནས་མ་རྐང་ཉོ་བ་ལྟར་བཀོལ་སྤྱོད་མ་ལག་ཁྲོད་ནས་དྲོད་ཚད་དང་། བརླན་ཚད། འོད། དབྱྰང་གཉིས་ཐན་རྫས་ཀྱི་གར་ཚད།  དེ་མིན་འཚོ་བཅུད་གཤེར་ཁུ་སོགས་སྙོམས་སྒྲིག་བྱས་ནས།  ཕྱི་རོལ་ན་གྲང་ངར་ཆེ་བ་དང་ཡང་ན་ཚ་བ་ཆེ་བ། རླུང་གཡུག་པ། ཡང་ན་ཆར་འབབ་པ་སོགས་གནམ་གཤིས་ཇི་འདྲ་ཡིན་རུང་རྩི་ཤིང་དག་ལ་སྔར་བཞིན་སྐྱེ་འཚར་ལ་འཚམ་པའི་ཁོར་ཡུག་ལྡན་ཡོད། 

     རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི། ཀྲུང་གོ་ཚན་རིག་ཁང་གི་ཚ་ཁུལ་ཕལ་བའི་ཞིང་ལས་སྐྱེ་ཁམས་ཞིབ་འཇུག་ཁང་གི་དབུ་བཞུགས་ཞིབ་འཇུག་པ་དབྱིན་ཡུས་ལུང་གིས། ཞིང་ལས་ཚོར་འདྲེན་ཡོ་ཆས་དང་། འཕྲུལ་ཆས་མཐོང་རིས། ཤེས་བྱའི་རི་མོ། ཐབས་ཇུས་དཔེ་དབྱིབས་སོགས་ཀྱི་ལག་རྩལ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན་ནས། AIཡི་ཞིང་ལས་ཐད་ཀྱི་ཉེར་སྤྱོད་ལས་དོན་སྤེལ་བཞིན་པའི་སྒང་ཡིན་པ་དང་།   རིག་ནུས་ལག་རྩལ་བྱེད་ཐབས་ཀྱིས་ཞིང་པའི་ལས་ཀའི་ཆུ་ཚད་ཇེ་མཐོར་གཏོང་ཐུབ་པ་དང་།  སྲོལ་རྒྱུན་གྱི་ཞིང་ལས་ཐོན་ལས་བྱེད་སྟངས་ལ་རྦད་དེ་འཕོ་འགྱུར་གཏོང་ཐུབ་པ་མ་ཟད་མ་འོངས་པའི་ཞིང་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་མཚོན་ཐུབ་ཡོད་ཅེས་གསུངས་ཡོད་པ་རེད། 

     ཧྲང་ཧའེ་གྲོང་ཁྱེར་ཞིང་ལས་ཚན་རིག་ཁང་གི་འགོ་འཛིན་གཞོན་པ་ཀྲའོ་ཀྲི་ཧུའེ་ཡིས།  མ་འོངས་པར་ཞིང་པ་རྣམས་དར་སྲོལ་ཆེ་བའི་ལས་རིགས་ཤིག་ཏུ་འགྱུར་རྒྱུ་ཡིན་ཏེ་ས་ཞིང་ནང་དུ་འགྲོ་མི་དགོས་པར་ལག་ཐོགས་ཁ་པར་ཁོ་ནའི་སྟེང་ནས་བཀོལ་སྤྱོད་བྱེད་པ་དང་།  གཞི་གྲངས་ཅན་གྱི་རྣམ་པའི་ཐོག་ནས་རིག་ནུས་སྒྲིག་ཆས་སྣ་ཚོགས་སྤྱད་དེ་ཞིང་ལས་ཐོན་སྐྱེད་བྱེད་ཐུབ། ཞིང་པ་རང་ཉིད་ལའང་ཞིང་ལས་ཆེད་ལས་ཀྱི་རྒྱབ་ལྗོངས་དགོས་པའི་ངེས་པའང་མེད་དེ།  རྒྱུ་མཚན་ནི་རིག་ནུས་ཞིང་ལས་ཀྱི་བེད་སྤྱོད་ཁྲོད་རིགས་གཅིག་མཁས་ཅན་གྱི་མ་ལག་ཚུད་དགོས་པ་དང་གནད་དོན་ལ་འཕྲད་སྐབས་དེར་མཚུངས་ཀྱི་རིགས་གཅིག་མཁས་ཅན་ཚོགས་པས་མགྱོགས་མྱུར་ངང་དྲ་ཐོག་ནས་ཐག་གཅོད་བྱེད་ཆོག   ཞིང་པ་རང་ཉིད་ཀྱིས་དྲ་ཐོག་ན་བཀོལ་སྤྱོད་བྱེད་བཞིན་ཡོད་མོད།  འོན་ཀྱང་ཁོང་ཚོ་ནི་མུ་འབྲེལ་འཁོར་རྒྱུག་སྟེང་གི་བཟོ་པ་མིན་ལ། བཟོ་གྲྭའི་འཁོར་ཁང་གི་ཐོན་སྐྱེད་སྤྱི་གཉེར་པ་དང་མཚུངས། བརྒྱུད་རིམ་རེ་རེར་ཆེད་ལས་དང་ཆེས་འཚམ་པའི་མི་ཞིག་བཙལ་ནས་བཀོལ་སྤྱོད་བྱེད་དུ་བཅུག་ཆོག མི་དེས་ཐོན་སྐྱེད་དོ་དམ་པའི་ནུས་པ་འདོན་བཞིན་ཡོད་ཅེས་གསུངས་འདུག  

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བཀྲ་ཤིས་བཟང་པོ།

ཡིག་སྒྱུར། སྙན་དབྱངས། 

中央广播电视总台 央广网 版权所有

▶སྔོ་ཚལ་འདེབས་དུས་ཞིང་ནང་འགྲོ་མི་དགོས་པ་སོགས་ཀྱི་ལག་རྩལ་ཐོན་འདུག

ཧྲང་ཧའེ་གྲོང་ཁྱེར་ཞིང་ལས་ཚན་རིག་ཁང་གི་འགོ་འཛིན་གཞོན་པ་ཀྲའོ་ཀྲི་ཧུའེ་ཡིས། མ་འོངས་པར་ཞིང་པ་རྣམས་དར་སྲོལ་ཆེ་བའི་ལས་རིགས་ཤིག་ཏུ་འགྱུར་རྒྱུ་ཡིན་ཏེ་ས་ཞིང་ནང་དུ་འགྲོ་མི་དགོས་པར་ལག་ཐོགས་ཁ་པར་ཁོ་ནའི་སྟེང་ནས་བཀོལ་སྤྱོད་བྱེད་པ་དང་།