ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འོས་སྦྱོར་ལེ་ཚན།

▶3Dཔར་རྒྱག་ལག་རྩལ་གྱིས་ཆུ་ཚོད་160རིང་ཁང་པ་ཞིག་བསྐྲུན་འདུག

2023-03-20 14:10:00     责编:娜科

     ཉེ་ལམ། ཧེ་པེ་ཞིང་ཆེན་ཀྲང་ཅ་ཁོའུ་གྲོང་ཁྱེར་ཧྭ་ཡོན་ཞོལ་མ་ས་ཁུལ་ཝུའུ་ཅ་ཀྲོང་སྡེ་བའི་ཞིང་ཁྱིམ་ཞིག་ལ་སྨྱན་སྦྱོར་ལས་རིགས་ཀྱི་དོ་ཁུར་ཐོབ་ཅིང་དྲ་གྲགས་སུ་གྱུར། ཁང་པ་འདི་ཝུའུ་ཅ་ཀྲང་སྡེ་བའི་སྡེ་ལམ་འགྲམ་ན་ཡོད་པ་དང་། ཁང་ཀླད་ནི་གཞུ་དབྱིབས་ལྟར་ཡིན་ལ་མཁར་གྱང་ནི་མདོག་སྐྱ་བོར་མངོན།  ཞིང་ཁྱིམ་གྱི་བདག་པོ་ཀྲའོ་ཞུའུ་ཅོན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ཁང་པ་འདི་སྤྱི་ལོ་2021ལོར་རྒྱབ་པ་དང་། སྐབས་དེར་ཆིན་ཧྭ་སློབ་ཆེན་རྩིག་བཟོ་སྡེ་ཁག་གི་སློབ་དཔོན་ཆེན་མོ་ཞུའུ་ཝེ་ཀའོ་ཚོགས་པས་ཝུའུ་ཅ་ཀྲོང་སྡེ་བ་ནས་འཕྲུལ་ཆས་ཀྱི་མིའི་3Dཔར་རྒྱག་འདམ་འདྲེས་ལག་རྩག་སྤྱད་ནས་ཁང་ཁྱིམ་ཞིག་རྒྱབ་ན་འདོད་ཡོད།

     3Dཔར་རྒྱག་ལག་རྩལ་སྤྱད་པའི་ཞིང་ཁྱིམ་འདིའི་རྒྱ་ཁྱོན་ལ་སྨི་ངོས་སྙོམས་གྲུ་ཞི་མ་106ཡོད་པ་དང་། ས་གནས་ཀྱི་སྲོལ་རྒྱུན་ལྟར་ས་དོང་གི་རྣམ་པ་སྤྱད་པ་དང་། ཁང་མིག་ཆེན་པོ་གསུམ་དང་ཁང་མིག་ཆུང་ངུ་གཉིས་ཀྱིས་གྲུབ་པ་ཡོད། ཁང་མིག་ཆེན་པོ་གསུམ་ནི་ཁག་སོ་སོར་འགྲུལ་ཁང་གཅིག་དང་ཉལ་ཁང་གཉིས་ཡིན་པ་དང་། ཁང་མིག་ཆུང་ངུ་གཉིས་ནི་ཁག་སོ་སོར་ཐབ་ཚང་དང་གསང་སྤྱོད་ཡིན། 

     3Dཔར་རྒྱག་ལག་རྩལ་སྤྱད་པའི་ཞིང་ཁྱིམ་འདིའི་མཐའ་བཞིའི་མཁར་གྱང་དང་ཁང་ཀླད་མཉམ་གཅིག་ཏུ་གྲུབ་པ་དང་།  མཁར་གྱང་དང་ཁང་ཀླད་ནི་ཁོག་སྟོང་ཡིན་ལ། ཁོག་སྟོང་ཡིན་སར་དྲོད་འཛིན་རྒྱུ་ཆ་བཅུག་ཡོད་པ་དང་། ཁང་པའི་ནང་གི་ཕྱོགས་གཅིག་ལའང་ནང་གི་དྲོད་འཛིན་སྦྱར་ཡོད་པས། འདི་དག་ཚང་མས་ཁང་པའི་ནང་གི་ཚགས་དམ་པོར་བཏང་ཡོད་ལ། ནུས་གྲོན་ཡང་ཆེན་པོ་བྱས་ཏེ། ཞིང་ཁྱིམ་འདིར་དགུན་ཁ་དྲོ་ལ་དབྱར་ཁ་བསིལ་བའི་ཁྱད་ཆོས་ལྡན་ནོ།  ཨར་ལས་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ཡོམ་འགོག་ཚོད་ལྟ་བྱས་པ་སྟེ། ཆུང་ངུར་བཏང་བའི་དཔེ་དབྱིབས་རྒྱལ་ཁབ་ས་ཡོམ་ཅུས་ཀྱི་ཡོམ་འགོག་སྟེགས་བུ་རུ་བཞག་ནས་འགུལ་དུ་བཅུག་སྟེ་ཚད་ལེན་བྱས་པ་ན་ཚད་ལེན་མཇུག་འབྲས་ནི་ཚད་རིམ་བརྒྱད་ཀྱི་ས་ཡོམ་འགོག་ཐུབ།

     པར་རྒྱག་པའི་བརྒྱུད་རིམ་ནི་བསྟུད་མར་མིན་པས། ང་ཚོས་སྡོམ་རྩིས་བྱས་པ་ལྟར་ན་ཕལ་ཆེར་ཆུ་ཚོད་160ཡས་མས་སྤྱད་པ་དང་། གཞན་པའི་འགྲོ་གྲོན་ནི་ཡང་དག་པར་བཤད་ན་སྨི་གྲུ་བཞི་མ་རེ་ལ་སྒོར་2000ནས་2500ཡིན་པ་དང་། ཁང་པའི་རྒྱ་ཁྱོན་སྨི་གྲུ་བཞི་མ་106ཡིན་པས་སྡོམ་རྩིས་བྱས་ན་འགྲོ་གྲོན་སྒོར་ཁྲི་20ལྷག་ཡིན། 

     ཆིན་ཧ་སློབ་ཆེན་རྩིག་བཟོ་རིག་པའི་སློབ་དཔོན་ཆེན་མོ་ཞུའུ་ཝེ་ཀའོ་ཡིས་ངོ་སྤྲོད་བྱས་དོན། ཁོ་ཚོས་ཝུའུ་ཅ་ཀྲོང་ནས་ཚོད་ལྟའི་རང་བཞིན་གྱི་ལས་གཞི་འདི་འདྲ་ཞིག་ལག་ཏུ་བསྟར་བའི་དམིགས་ཡུལ་ནི་ཞིང་སྡེ་རུ་འཕྲུལ་ཆས་ཀྱི་མིའི་3Dཔར་རྒྱག་འདེམ་འདྲེས་ཀྱི་ཁང་བ་ལས་པའི་ལག་རྩལ་འདི་ཁྱབ་གདལ་བཏང་ནས་ཞིང་སྡེའི་སྡོད་དམངས་སྔར་ལས་མང་པོར་སྡོད་པར་འཚམ་པའི་ཁང་ཁྱིམ་པར་རྒྱག་བྱེད་བསམ་པ་ཡིན། 

     ང་ཚོའི་རེ་བ་ལ་ལོ་5ཡི་ནང་དུ།  ལོ་3ནས་ལོ་5ཡི་རིང་ལ་ལག་རྩལ་འདི་སྤྱིར་བཏང་གི་ཞིང་ཁྱིམ་དུ་ཁྱབ་གདལ་གཏོང་རྩིས་ཆེ་མོད། འོན་ཀྱང་རྒྱུ་རྐྱེན་མང་པོས་ཤུགས་རྐྱེན་ཐེབས་པ་དང་། ད་རུང་ཕྱོགས་སོ་སོས་ལག་རྩལ་འདི་དང་ལེན་བྱེད་ཐུབ་མིན་ལ་ཐུག་ཡོད།  ང་ཚོའི་རེ་བ་ནི་གང་མགྱོགས་ངང་སྤྱིར་བཏང་ཞིང་ཁྱིམ་གྱི་པར་རྒྱག་ནང་ཁྱབ་གདལ་གཏོང་འདོད་ཡོད་ཅེས་གསུངས་འདུག  

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བཀྲ་ཤིས་བཟང་པོ།

ཡིག་སྒྱུར། རྡོ་རྗེ་ཚེ་རིང་། 

中央广播电视总台 央广网 版权所有

▶3Dཔར་རྒྱག་ལག་རྩལ་གྱིས་ཆུ་ཚོད་160རིང་ཁང་པ་ཞིག་བསྐྲུན་འདུག

ང་ཚོའི་རེ་བ་ལ་ལོ་5ཡི་ནང་དུ། ལོ་3ནས་ལོ་5ཡི་རིང་ལ་ལག་རྩལ་འདི་སྤྱིར་བཏང་གི་ཞིང་ཁྱིམ་དུ་ཁྱབ་གདལ་གཏོང་རྩིས་ཆེ་མོད། འོན་ཀྱང་རྒྱུ་རྐྱེན་མང་པོས་ཤུགས་རྐྱེན་ཐེབས་པ་དང་།