ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འོས་སྦྱོར་ལེ་ཚན།

ཟླ་བ་ཤེས་རབ་ཀྱི་ཨེ་འགོག་རང་འདུན་པའི་བགྲོད་ལམ།༼སྒྲ༽

2019-12-01 16:23:00     责编:卓玛才让

     ཁྱེད་ནས་དངོས་བརྒྱུད་ཤུགས་གསུམ་གང་རུང་གི་ཆ་ནས་གཞན་ཕན་དགེ་བའི་ལས་ལ་འབད་བརྩོན་བགྱིད་ཅིང་ཉམ་ཐག་ནད་པ་རྣམས་ལ་ཡིད་ཆེས་དང་རེ་བ་སྦྱིན་པའི་བོད་ཁུལ་གྱི་ཨེ་འགོག་རང་འདུན་པ་དག་གི་གཏམ་རྒྱུད་གོ་མྱོང་ཡོད་སྲིད་དེ། ཁོང་ཚོས་རང་གི་སྙིང་སྟོབས་དང་སྤོབས་པ་ལ་བརྟེན་ནས་མི་དེ་བས་མང་བར་ཕན་བདེ་སྐྲུན་བཞིན་ཡོད་པ་དང་། ཁོང་ཚོས་རང་ནུས་ཅི་ལྕོགས་ཀྱིས་བོད་ཁུལ་གྱི་ཨེ་ཛི་སྔོན་འགོག་དང་མང་ཚོགས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་ཆེད་དཀའ་སྤྱད་འབད་འཐབ་བྱས་དང་བྱེད་མུས་ཡིན་པ་རེད། དེ་རིང་སྟེ་སྤྱི་ཟླ་༡༢པའི་ཚེས་༡ཉིན་ནི་འཛམ་གླིང་ཨེ་ཛིའི་ཉིན་མོ་ཡིན་ཞིང་། ང་ཚོས་གོ་སྐབས་འདི་དང་བསྟུན་ནས་བོད་ཀྱི་ཨེ་འགོག་རང་འདུན་པ་ཟླ་བ་ཤེས་རབ་ལགས་ཀྱི་གཏམ་རྒྱུད་དེ་ཞུ་རྒྱུ་ཡིན།

 

您的浏览器不支持 audio标签

རང་འདུན་པ་ཟླ་བ་ཤེས་རབ།

     ཟླ་བ་ཤེས་རབ་ལགས་ནི་དཀར་མཛེས་ཁུལ་བྲག་མགོ་རྫོང་གཙང་སྨད་གྲོང་ཚོ་ནས་ཡིན་ཞིང་། སྤྱི་ལོ་༢༠༡༢ལོ་ནས་བཟུང་། བོད་ཁུལ་གྱི་ཨེ་ཛི་སྔོན་འགོག་བྱ་གཞག་དང་ལས་ཀྱི་འབྲེལ་བ་ཐོག་མར་བྱུང་ནས་ད་ལྟའི་བར་དུ་བགྲང་བྱ་བདུན་ཙམ་འགོར། ལྷག་པར་དུ་སྤྱི་ལོ་༢༠༡༦ལོའི་ཟླ་༡༡པར། ཨེ་འགོག་རང་འདུན་པ་ཆོས་དཔལ་བཟང་པོ་དང་མཉམ་དུ་ཁྲེང་ཏུའུ་གྲོང་ཁྱེར་ན་སྤོས་ལྡན་ཨེ་འགོག་བདེ་ཐང་འདྲི་རྨེད་ལྟེ་གནས་བཙུགས་ནས་ཨེ་ཛིའི་ནད་འགོག་བཅོས་ཤེས་བྱ་དྲིལ་སྒྲོག་དང་བདེ་ཐང་སྨན་ཁྲིད་སོགས་རང་འདུན་པའི་ལས་ཀ་ཤུགས་ཆེར་སྒྲུབ་འགོ་བརྩམས།

རང་འདུན་པ་ཟླ་བ་ཤེས་རབ་སློབ་རའི་ནང་དུ་བསྐྱོད་ནས་ཨེ་འགོག་ཤེས་བྱ་དྲིལ་བསྒྲགས་གནང་བཞིན་པ།

ཟླ་བ་ཤེས་རབ་ཀྱིས་ཞབས་ཞུ་སྒྲུབ་བཞིན་པ།

     སྤྱི་ལོ༢༠༡༦ལོའི་ཟླ༡༠པ་ནས་ད་ལྟའི་བར། ཟླ་བ་ཤེས་རབ་ལགས་དང་ཨེ་འགོག་རང་འདུན་པ་རྣམས་མཚོ་སྔོན་དང་སི་ཁྲོན།ཀན་སུའུ་བཅས་ཞིང་ཆེན་གསུམ་གྱི་ཁོངས་གཏོགས་རྫོང་དང་གྲོང་ཁྱེར་སུམ་ཅུ་ལྷག་གི་ས་ཆར་བསྐྱོད་ནས། ཁྱོན་མང་ཚོགས་ཆིག་འབུམ་ལྷག་ལ་བདེ་ཐང་ཤེས་བྱ་ཁྱབ་བསྒྲགས་བྱེད་སྒོ་ཐེངས་༣༠༠ལྷག་སྤེལ་ཡོད་ལ།བོད་ཁུལ་གྱི་ས་ཆ་ཁག་དང་།དེ་མིན་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་གི་མང་ཚོགས་སུམ་ཁྲི་ལྷག་ལ་བདེ་ཐང་སྨན་ཁྲིད་ཞབས་ཞུ་དང་གཞན་གྱི་དྲྭ་ཐོག་ཚོང་ཁང་བརྒྱུད་ནས་ཨེ་ཛིའི་བདེ་ཐང་བརྟག་ཤོག་ཉོ་རོགས་ཞབས་ཞུ་བསྒྲུབས་ཡོད་པ་མ་ཟད།ད་དུང་ནད་པ་མི་ཉུང་བ་ཞིག་ལ་སེམས་གསོའི་ཞབས་ཞུའང་བསྒྲུབས་དང་སྒྲུབ་མུས་ཡིན་པ་རེད།

ཟླ་བ་ཤེས་རབ་ཀྱིས་མང་ཚོགས་ལ་ཤེས་བྱ་ཁྱབ་བསྒྲགས་གནང་བཞིན་པ།

     ཨེ་ཛི་ནད་ནི་མིག་སྔར་འཛམ་གླིང་ལ་འཕྲད་པའི་ཉེན་ཁ་ཆེན་པོ་ཞིག་ཡིན་ལ། གང་དེ་སྔོན་འགོག་བྱ་རྒྱུ་ཡང་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་མི་དམངས་ཡོངས་ཀྱི་འོས་འགན་ཆེན་པོ་ཞིག་ཏུ་གྱུར་ཡོད། རང་རྒྱལ་ལ་མཚོན་ན་མིག་སྔར་སྲིད་གཞུང་གི་ཕྱོགས་ནས་ཨེ་ཛི་ནད་འགོག་བཅོས་ཐད་ནུས་པ་ཆེན་པོ་འདོན་བཞིན་ཡོད་ལ། དེར་ཕན་འབྲས་ཀྱང་ཐོན་བཞིན་ཡོད་པ་དང་། ད་དུང་དགའ་འོས་པ་ཞིག་ལ་རྒྱལ་ཡོངས་ཀྱི་ཞིང་ལྗོངས་དང་གྲོང་ཁྱེར་ཁག་གི་ཨེ་འགོག་རང་འདུན་པ་ཁྲི་སྟོང་མང་པོས་ས་ཕྱོགས་ཁག་ཏུ་ཨེ་འགོག་ཤེས་བྱ་དྲིལ་སྒྲོག་བྱས་ནས། མི་ཚང་མའི་སེམས་ནང་ནད་ཡམས་དེ་འགོག་པའི་འདུ་ཤེས་ཀྱི་འཛིང་རགས་སྐྲུན་བཞིན་ཡོད་པ་རེད། དེར་བརྟེན་ཟླ་བ་ཤེས་རབ་ལགས་སོགས་ཀྱི་ཕྱག་ལས་ནི་ང་ཚོས་ཡི་རངས་དང་རྒྱབ་སྐྱོར་ཞུ་དགོས་པ་ཞིག་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

གསར་འགོད་པ། བཀྲ་ཤིས་རྡོ་རྗེ།

中央广播电视总台 央广网 版权所有

ཟླ་བ་ཤེས་རབ་ཀྱི་ཨེ་འགོག་རང་འདུན་པའི་བགྲོད་ལམ།༼སྒྲ༽

ཁོང་ཚོས་རང་ནུས་ཅི་ལྕོགས་ཀྱིས་བོད་ཁུལ་གྱི་ཨེ་ཛི་སྔོན་འགོག་དང་མང་ཚོགས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་ཆེད་དཀའ་སྤྱད་འབད་འཐབ་བྱས་དང་བྱེད་མུས་ཡིན་པ་རེད། དེ་རིང་སྟེ་སྤྱི་ཟླ་༡༢པའི་ཚེས་༡ཉིན་ནི་འཛམ་གླིང་ཨེ་ཛིའི་ཉིན་མོ་ཡིན་ཞིང་། ང་ཚོས་གོ་སྐབས་འདི་དང་བསྟུན་ནས་བོད་ཀྱི་ཨེ་འགོག་རང་འདུན་པ་ཟླ་བ་ཤེས་རབ་ལགས་ཀྱི་གཏམ་རྒྱུད་དེ་ཞུ་རྒྱུ་ཡིན།