ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འོས་སྦྱོར་ལེ་ཚན།

དོན་གྲུབ་རྒྱལ་གྱིས་རེབ་གོང་གི་སློབ་གསོར་བཅངས་པའི་བརྩེ་སེམས།

2019-10-25 17:05:00     责编:卓玛才让

     བོད་ཡུལ་གཏམ་གྱིས་འགྲིམ་པ་ཞེས་པ་འདི་ནི་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་བོད་སྐད་འཕྲིན་ལམ་གྱི་ལེ་ཚན་ཞིག་ཡིན་པ་དང་། ལེ་ཚན་འདིའི་ནང་ང་ཚོས་ཁྱེད་དང་ང་འདྲ་བའི་མི་སྣ་ཕལ་པའི་ཐུན་མིན་གྱི་གཏམ་རྒྱུད་ལ་ཉན་བཞིན། མཉམ་དུ་བདེན་ལེགས་མཛེས་གསུམ་ལ་ཉམས་སུ་མྱོང་ཆོག

 

དོན་གྲུབ་རྒྱལ།

     དེ་རིང་གུས་མོས་ཁྱེད་ཀྱི་སྙན་ལམ་དུ་ཕ་ཡུལ་བོད་ལྗོངས་གཞིས་ཀ་རྩེ་ནས་ཡིན་ཞིང་ད་ལྟ་མཚོ་སྔོན་རེབ་གོང་རྨུ་ཐག་ཚང་གི་སྤྱིའི་འགན་འཛིན་པ་གནང་བཞིན་པའི་དོན་གྲུབ་རྒྱལ་ལགས་ཀྱི་གཏམ་རྒྱུད་ཞུ་རྒྱུ་ཡིན། ཁོང་ནི་སྤྱི་ལོ་2010ལོར་ཡུལ་ཤུལ་ཡོམ་རྗེས་ཀྱི་རོགས་སྐྱོར་དང་བླངས་ཚོགས་པར་ཞུགས་པ་ནས་བཟུང་། ལས་འབྲེལ་ཞིག་གམ་བརྩེ་སེམས་ཤིག་གིས་ཁོང་ཉིད་ཀྱིས་རེབ་གོང་གི་ཤ་སྦྲང་ས་ཆར་ཟབ་སྦྱོང་འཛིན་གྲྭའི་བྱེད་སྒོ་སྤེལ་ཡོད། སློབ་ཆེན་སློབ་མ་མང་པོ་ཞིག་ནི་སྔར་འདི་འདྲའི་སློབ་སྐྱོར་གྱི་བྱེད་སྒོའི་ནང་ཐེངས་རེ་གཉིས་ཙམ་ཞིག་ཞུགས་མྱོང་ཡོད་མོད། འོན་ཀྱང་ཁོང་ནང་བཞིན་སློབ་གྲྭ་ནས་ཐོན་རྗེས་ མུ་མཐུད་བྱེད་སྒོ་དེའི་ནང་ཞུགས་པ་དང་། མཐར་མི་ཚེའི་གྲུབ་ཆ་ཞིག་ཏུ་བརྩི་མཁན་ནི་ཤིན་ཏུ་དཀོན།

ཡུལ་ཤུལ་ཡོམ་རྗེས་ཀྱི་ནང་སའི་སློབ་ཆེན་སློབ་མའི་དང་བླངས་ཚོགས་པ།

ཀྲུང་གོའི་རྒྱ་མཚོའི་སློབ་ཆེན་ཀྱི་སློབ་མ་ཁག་ཅིག་ཤ་སྦྲང་དུ་སློབ་སྐྱོར་དུ་ཕེབས་པ།

ཤ་སྦྲང་ཟབ་སྦྱོང་འཛིན་གྲྭའི་པར་རིས་ཁག་གཅིག

     ད་ཐེངས་གོ་སྐབས་བཟང་པོ་འདི་བརྒྱུད་ང་ཚོས་དོན་གྲུབ་རྒྱལ་ལགས་ལ་བཅར་འདྲི་ཞུས་ནས། ཁོང་ཉིད་ཨ་མདོ་རེབ་གོང་ས་ཆར་སླེབས་པའི་ལོ་ངོ་བདུན་ལྷག་གི་ནང་། ས་གནས་དེ་གའི་མི་དང་རི་ཆུས་ཁོང་ལ་གནང་བའི་བདེ་སྐྱིད་དང་། ཁོང་ཉིད་ཀྱི་སེམས་ནས་ཤིན་ཏུ་གཅེས་པའི་ཤ་སྦྲང་གི་ཡུལ་མི་སྤུན་ཟླ། ལོ་བརྒྱད་ཀྱི་རྒྱུན་འཁྱོངས་ནང་ཤ་སྦྲང་གི་སློབ་གསོར་ཐོབ་པའི་དགའ་འོས་པའི་གཏམ་བཟང་ཞུས་ཡོད་པ་མ་ཟད། གསན་མཁན་གྲོགས་པོ་རྣམ་པའི་རེ་འདུན་ལྟར་ལེ་ཚན་གྱི་མཇུག་ཏུ་དོན་གྲུབ་རྒྱལ་ལགས་ནས་ཁོང་ཉིད་ཧ་ཅང་དགའ་བའི་གླུ་དབྱངས་ཤིག་ངོ་སྤྲོད་གནང་ཡོད་པས། ཚང་མས་གསན་བཞེས་གནང་བར་དགའ་བསུ་ཞུ།

ཉིན་བཞིན་ཡར་རྒྱས་འགྲོ་བའི་ཤ་སྦྲང་གི་སློབ་མ།

     སྐུ་ཉིད་ནས་དུས་ད་ལྟའི་བར་ལེ་ཚན་འདི་གསན་འཇོག་གནང་བར་ཁ་དྲོ་བཀྲ་ཤིས་ཞུ་བ་དང་ཆབས་ཅིག དོན་གྲུབ་རྒྱལ་ལགས་ཀྱིས་ང་ཚོའི་བཅར་འདྲི་དང་ལེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་བཞིན། བརྗོད་ཀྱིས་མི་ལང་བའི་ཡི་རངས་དང་སྙིང་དབུས་ནས་བཅངས་པའི་དད་གུས་ཤིག་གིས་འོས་འགན་དང་བརྩེ་སེམས། དེ་བཞིན་མི་རབས་གསར་པའི་སྙིང་སྟོབས་དང་འགན་སེམས་སོགས་ལ་འགྲེལ་བརྗོད་གང་ལེགས་གནང་བའི་གཏམ་རྒྱུད་འདི་རྒན་དོན་གྲུབ་རྒྱལ་ཁོང་དང་གསན་མཁན་གྲོགས་པོ་ཡོངས་ལ་ཕུལ་བ་ཡིན། 

དོན་གྲུབ་རྒྱལ་དང་རྨུ་ཐག་ཚང་གི་ལས་མི།

     གཞན་ཡང་། གལ་སྲིད་སྐུ་ཉིད་ལ་ཐུན་མིན་གྱི་གཏམ་རྒྱུད་དང་། ཐུན་མོང་གི་བརྩེ་བ་ཡོད་ན་ཐད་ཀར་འཕྲིན་སྟེགས་འདི་བརྒྱུད་ནས་ང་ཚོ་དང་འབྲེལ་བ་གནང་ཆོག ང་ཚོས་འདི་ནས་ཁྱེད་ཉིད་རེ་ཞིང་སྒུག་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

གསར་འགོད་པ། བདེ་གཡང་།

中央广播电视总台 央广网 版权所有