ཧྲའོ་ལིན་དགོན། ཀྲེན་ཀྲོའུ་ཡི་རིག་གནས་མིང་བྱང་ཆེན་མོ།
སྤེལ་བའི་དུས་ཚོད། : 2019-09-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

 

   མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོ། ཁྱེད་དང་ང་ཡི་ལུས་རྩལ་འགྲན་ཚོགས་ཞེས་པའི་ཡིག་འབྲུ་ཆེན་པོ་དག་ད་ལྟའི་ཀྲེན་ཀྲོའུ་ཡི་གང་སར་མཐོང་རྒྱུ་ཡོད་ལ། དུས་རབས་གསར་པར་འབད་འབུངས་དང་། ཀྲུང་ཡོན་དེ་བས་ངོ་མཚར་ཆེ་ཞེས་པའི་ཡིག་འབྲུ་དག་ཀྱང་ཀྲེན་ཀྲོའུ་ཡི་མི་དམངས་མང་ཚོགས་ཁྲོད་གང་སར་ཁྱབ་ཡོད།  

     སྤྱི་ཚེས་8ཉིན་ཀྲེན་ཀྲོའུ་རུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པ་འགོ་ཚུགས་པ་ནས་བཟུང་། ཀྲེན་ཀྲོའུ་ཡི་རྒྱ་ཆེའི་ལས་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་བསམ་འདུན་ཞིག་ཡོད་པ་ནི་སྐབས་འདིའི་ལུས་རྩལ་འགྲན་ཚོགས་དེ་བདེ་བླག་དང་གྲ་རྒྱས་ངང་གཉེར་ནས་ཀྲེན་ཀྲོའུ་ཡི་མིང་བྱང་ས་ཕྱོགས་གང་སར་ཁྱབ་པ་བྱ་རྒྱུ་དེ་རེད།  

     སྤྱི་ཚེས་10ཉིན་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གིས་ཀྲེན་ཀྲོའུ་རུ་ལུས་རྩལ་འགྲན་ཚོགས་ནང་ཞུགས་མཁན་གྱི་ལུས་རྩལ་པ་དང་། འཁྲབ་སྟོན་པ། དེ་བཞིན་གསར་འགོད་པ་སོགས་ནས་ཧོ་ནན་ལ་རྒྱུས་ལོན་དེ་བས་གཏིང་ཟབ་པ་ཡོང་ཆེད། ཆེད་མངགས་ཧོ་ནན་ཏེང་ཧྥུང་གྲོང་ཁྱེར་ཧྲའོ་ལིན་དགོན་དང་། སུང་ཧྲན་དཔེ་དེབ་གླིང་ལ་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་འཁྲིད་ཡོད། ཚང་མས་ཤེས་གསལ་ལྟར། ཧྲའོ་ལིན་དྲག་རྩལ་ནི་འཛམ་གླིང་ས་ཕྱོགས་ཀུན་ཏུ་གྲགས་པ་ཞིག་ཡིན་ཞིང་། དེར་སློབ་སྦྱོང་བྱེད་པར་ཡོང་མཁན་ཡང་ཧ་ཅང་མང་པོ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཧྲའོ་ལིན་དགོན་པ་གནས་སའི་ཏེང་ཧྥུང་གྲོང་ཁྱེར་གཅིག་པུར་དྲག་རྩལ་སློབ་གྲྭ་20ལྷག་ཙམ་ཡོད་པ་དང་། དེ་དག་གི་སློབ་མའི་མི་འབོར་ཁྲི་གསུམ་ལྷག་ཙམ་ཟིན་གྱི་ཡོད་པ་རེད། སློབ་མ་དེ་དག་གིས་ཡུན་རིང་དྲག་རྩལ་སློབ་སྦྱོང་བྱས་རྗེས་ཁག་གཅིག་དྲག་རྩལ་འཁྲབ་སྟོན་མཁན་གྲགས་ཅན་དུ་གྱུར་བ་དང་། ཁག་གཅིག་དམག་ནང་ཞུགས་ནས་མེས་རྒྱལ་སྲུང་སྐྱོབ་བྱེད་པའི་ལས་འགན་ཕྲག་ཏུ་འཁུར་གྱི་ཡོད་པ་རེད། ཧྲའོ་ལིན་དགོན་དེ་འཛམ་གླིང་རིག་གནས་ཤུལ་བཞག་ཅིག་ཡིན་པའི་ངོས་ནས་དེར་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི་ཧོ་ནན་མི་དམངས་ཀྱི་ཕྲག་ཏུ་བབས་པའི་ལས་འགན་ཞིག་ཀྱང་རེད། 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། 

ལྟ་སྐུལ། ཚེ་དགའ།

གསར་འགོད་པ། བསྟན་པ་ཚེ་རིང་། སྒྲོལ་མ་ཚེ་རིང་།

རྩོམ་སྒྲིག་འགན་ཁུར་བ། མིག་དམར་རྒྱལ་པོ།