▶མི་རིགས་རྣམ་པའི་སྦེ་ག་འགྲན་སྡུར་འགོ་ཚུགས་པ།
སྤེལ་བའི་དུས་ཚོད། : 2019-09-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

       སྤྱི་ཟླ་9པའི་ཚེས་9ཉིན་གྱི་སྔ་དྲོའི་ཆུ་ཚོད་8དང་སྐར་མ་30ཐོག་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་མི་རིགས་རྣམ་པའི་སྦེ་ག་འགྲན་སྡུར་ཀྲེན་ཀྲོའུ་སློབ་ཆེན་གྱི་ལྟེ་བའི་ལུས་རྩལ་ཐང་དུ་དངོས་སུ་འགོ་ཚུགས་ཤིང་། སྐབས་འདིའི་རྒྱལ་ཡོངས་ཀྱི་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་མི་རིགས་རྣམ་པའི་སྦེ་ག་ལ་སོག་པོའི་སྦེ་ག་(搏克)དང་ཡུ་གུར་རིགས་ཀྱི་སྦེ་ག(且里西) དབྱི་རིགས་ཀྱི་སྦེ་ག(格) བོད་རིགས་ཀྱི་སྦེ་ག ཧུའེ་རིགས་ཀྱི་སྦེ་ག(绊跤)ཁོ་རེ་ཡ་མི་རིགས་ཀྱི་སྦེ་ག(希日木)བཅས་རིགས་དྲུག་ཡོད། 

      ཚེས་9ཉིན་གྱི་སྔ་དྲོ་ཐོག་མར་འགྲན་སྡུར་བྱས་པ་ནི་ཆེ་ལི་ཞི་དང་སྦེ་ག ཀེ་བཅས་རིགས་གསུམ་གྱི་འགྲན་སྡུར་ཡིན། 

 

ཟླ་9པའི་ཚེས་9ཉིན། ཀན་སུའུ་ཡི་འགྲན་ཞུགས་པ་དང་ཅང་ཅིན་ཁྲེང་(སྔོན་པོ)དང་ཧོ་ནན་གྱི་འགྲན་ཞུགས་པ་ཐེ་རི་ཀོན་གྱིས་མི་རིགས་རྣམ་པའི་སྦེ་ག་ལས་བོད་ལུགས་སྦེ་གའི་སྤྱི་རྒྱ་74རིམ་པའི་འགྲན་སྡུར་བྱེད་བཞིན་པ།

 

ཟླ་9པའི་ཚེས་9ཉིན། སི་ཁྲོན་གྱི་འགྲན་ཞུགས་པ་ཆུའུ་པི་ཙི་ཏུའུ(དམར་པོ)དང་ཨན་ཧུའེ་ཡི་འགྲན་ཞུགས་པ་ཁྲོན་ཧྲོའུ་ཧུ་ཡ་ལ་ཐུའུ་ཡིས་མི་རིགས་རྣམ་པའི་སྦེ་ག་ལས་དབྱི་ལུགས་སྦེ་གའི་སྤྱི་རྒྱ་87རིམ་པའི་འགྲན་སྡུར་བྱེད་བཞིན་པ། 

 

ཡུ་གུར་ལུགས་ཀྱི་སྦེ་གའི་སྤྱི་རྒྱ་87རིམ་པ་ཡན་གྱི་འགྲན་སྡུར་གྱི་ཚོ་ཆུང་Bཡི་རེས་འཁོར་འགྲན་སྡུར།

 

བོད་ལུགས་སྦེ་ག་འགྲན་སྡུར་གྱི་རྣམ་པ།

 

     དེ་མིན་སྤྱི་ཚེས་9ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3པར་ཀྲེན་ཀྲོའུ་སློབ་ཆེན་གྱི་ལྟེ་བའི་ལུས་རྩལ་ཐང་དུ་བོད་ལྗོངས་དང་ཉིང་ཞ་རུ་ཁག་གིས་ཧྭ་ཕོ་འགྲན་སྡུར་བྱས་པ་དང་། མཇུག་མཐར་ཉིང་ཞ་རུ་ཁག་ལ་སྐར་11དང་བོད་ལྗོངས་རུ་ཁག་ལ་སྐར་6ཐོབ་པས། ཉིང་ཞ་རུ་ཁག་ལ་རྒྱལ་ཁ་ཐོབ། 

     ཧྭ་ཕོ་ལ་རྒྱ་སྐད་དུ་“花炮”ཟེར་ཞིང་། དེ་ནི་ཏུང་རིགས་དང་། ཀྲོང་རིགས། མུའུ་ལའོ་རིགས་སོགས་མི་རིགས་ཁྲོད་ཀྱི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དམངས་ཁྲོད་སྲོལ་རྒྱུན་ལུས་རྩལ་བྱེད་སྒོ་ཞིག་ཡིན་པས། རྒྱ་ཆེའི་གྲངས་ཉུང་མི་རིགས་ཀྱི་སྤུན་ཟླའི་དགའ་བསུ་ཆེན་པོ་ཐོབ་པ་མ་ཟད། དཔའ་ངར་ཅན་ཚོ་མོས་པ་ཆེ་བའི་ལུས་རྩལ་ཞིག་ཀྱང་ཡིན།

འགྲན་སྡུར་གྱི་རྣམ་པ།

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཚེ་དགའ།
གསར་འགོད་པ། བསྟན་པ་ཚེ་རིང་། སྒྲོལ་མ་ཚེ་རིང་། བཀྲ་ཤིས་ཉི་མ།

རྩོམ་སྒྲིག་འགན་ཁུར་བ། མིག་དམར་རྒྱལ་པོ།