▶མཱ་ཡོན་གྱིས་རྒན་ཡོལ་བྱས་རྗེས་སློབ་གསོའི་ལས་སོཊ་བསྒྲུབ་འཆར་འདུག
སྤེལ་བའི་དུས་ཚོད། : 2019-09-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】
 

མཱ་ཡོན་གྱིས་སྤྱི་ཕན་དགེ་སྒྲུབ་བྱེད་སྒོ་ཞིག་ཐོག་སྤེལ་བའི་གཏམ་བཤད། 

 

  ཀྲུང་གོའི་དྲ་ཐོག་ཚོང་ལས་ལ་བྱས་རྗེས་བླ་མེད་བཞག་མཁན་མཱ་ཡོན་གྱིས་ད་ལོའི་སྤྱི་ཟླ་9ཚེས་10ཉིན་ཏེ་དགེ་རྒན་དུས་ཆེན་ཉིན་དངོས་སུ་རྒན་ཡོལ་བྱ་རྒྱུ་ཡིན་ཞིང་། ཁོང་གིས་རྒན་ཡོལ་བྱས་རྗེས་ལས་ཅི་ཞིག་བསྒྲུབ་སྲིད་པའི་སྐོར་ལ་མི་མང་པོས་ཤེས་འདོད་ཆེན་པོ་བྱེད་ཀྱི་ཡོད།   

  མཱ་ཡོན་གྱིས་གཏམ་བཤད་མང་པོའི་ནང་རང་ཉིད་ཆེས་དགའ་བའི་ལས་རིགས་ནི་དགེ་རྒན་ཡིན་ཞེས་དང་། མ་འོངས་པར་གཙོ་བོ་སློབ་གསོ་དང་། དབུལ་སྐྱོར། སྤྱི་ཕན་དགེ་སྒྲུབ་བཅས་ཀྱི་ཐད་འབད་པ་བྱེད་རྒྱུ་ཡིན་སྐོར་བརྗོད་མྱོང་བས། མི་མང་པོའི་ལྟ་ཚུལ་ལ་ཁོང་རྒན་ཡོལ་བྱས་རྗེས་སློབ་གསོ་དང་འབྲེལ་བའི་ལས་དེ་གཙོ་བོར་བཟུང་ནས་བསྒྲུབ་རྒྱུ་ཡིན་པ་དང་། དེ་ནས་དབུལ་སྐྱོར་དང་སྤྱི་ཕན་དགེ་སྒྲུབ་ཀྱི་ལས་སོགས་ཀྱང་བསྒྲུབ་རྒྱུ་ཡིན་པ་རེད།         

    དྲ་ཐོག་ཚོང་ལས་མ་གཉེར་གོང་། མཱ་ཡོན་ཁོང་ནི་དབྱིན་ཇིའི་དགེ་རྒན་ཞིག་ཡིན་པས་སློབ་གསོར་དགའ་ཞེན་ཆེན་པོ་ཡོད་པ་དང་། ཚོང་ལས་གཉེར་རྗེས་ཀྱང་ཁོང་གིས་མཚོ་འགྲམ་སློབ་ཆེན་ཞེས་པའི་ཁེ་ལས་མཁས་པ་གསོ་སྐྱོང་བྱེད་པའི་སློབ་ཆེན་བཙུགས་པ་མ་ཟད། ད་དུང་2015ལོ་ནས་བཟུང་མཱ་ཡོན་གྱི་གྲོང་གསེབ་དགེ་རྒན་བྱ་དགའ་བཙུགས་ཏེ་གྲོང་གསེབ་དགེ་རྒན་དང་སློབ་གསོ་གོང་དུ་སྤེལ་བའི་ལས་ལ་གཞོལ་བཞིན་ཡོད་པ་དང་། སློབ་གསོ་ལས་ཀྱང་ན་ཆུང་ཚོའི་སློབ་གསོ་ལ་ཐུགས་ཁུར་ཆེན་པོ་བྱེད་ཀྱི་ཡོད་ཅིང་། བྱིས་སྐྱོང་ཁང་དང་། སློབ་གྲྭ་ཆུང་འབྲིང་གི་དུས་རིམ་ནི་མི་ཞིག་གི་མི་གཤིས་གྲུབ་པའི་དུས་རིམ་ཤིན་ཏུ་གལ་ཆེན་ཞིག་ཡིན་པའི་ལྟ་ཚུལ་འཛིན་གྱི་ཡོད། ཁོང་གིས་མིག་སྔར་ཀྲུང་གོའི་སློབ་ཆེན་དང་། ཞིབ་འཇུག་སློབ་མ་བཅས་ཀྱི་དུས་རིམ་དུ་སློབ་གསོའི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་མོད། དེ་ནི་དེ་འདྲའི་འོས་ཤིང་འཚམ་པ་ཞིག་མིན་པ་སྟེ།  སློབ་ཆེན་དང་ཞིབ་འཇུག་སློབ་མའི་དུས་རིམ་དུ་སླེབས་སྐབས་མི་ཞིག་གི་རང་གཤིས་སོགས་གཞི་ནས་གྲུབ་ཟིན་ཡོད་པས་བྱིས་སྐྱོང་ཁང་དང་སློབ་གྲྭ་ཆུང་འབྲིང་གི་སློབ་གསོར་དེ་བས་མཐོང་ཆེན་བྱེད་འོས་ཞེས་བརྗོད་མྱོང་།

 


ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཝང་ཧྥེ།

སྒྲིག་སྒྱུར། བསོད་ནམས་འཚོ།

ཞུ་དག བདེ་ལྷ་མོ།