ལྐོག་རྔན་སྒོར་བྱེ་བ་5ལྷག་བླངས་པའི་འགོ་ཁྲིད་ཅིག
སྤེལ་བའི་དུས་ཚོད། : 2019-08-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

 

     2019ལོའི་ཟླ་8ཚེས་9ཉིན། ཧའར་པིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཅི་ལིན་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་ཝང་ཨེར་ཀྲིས་(王尔智)ལྐོག་རྔན་བླངས་པའི་གྱོད་གཞིའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་སྟེ། ཞུ་སྦྱོར་ཕྱི་མ་ཝང་ཨེར་ཀྲི་ལོ་བཅུ་བཞིར་བཙོན་དུ་འཇུག་རྒྱུ་མ་ཟད། དངུལ་ཆད་སྒོར་ས་ཡ་4གཅོད་རྒྱུ་དང་། ཁོས་ལྐོག་རྔན་བླངས་ཏེ་ཐོབ་པའི་རྒྱུ་ནོར་ཡོང་རྫོགས་བདའ་འདེད་བཏང་སྟེ་རྒྱལ་མཛོད་དུ་འཇུག་རྒྱུ་རེད།

    ཞིབ་བཤེར་བྱས་པ་བརྒྱུད་ཤེས་པར། 2001ལོའི་ཟླ་11པ་ནས་2018ལོའི་ཟླ་2པའི་བར། ཞུ་སྦྱོར་ཕྱི་མ་ཝང་ཨེར་ཀྲིས་ཅི་ལིན་ཞིང་ཆེན་ཐད་གཏོགས་ལས་དོན་དོ་དམ་ཅུས་ཀྱི་ཅུས་ཀྲང་དང་། ཞིང་ཆེན་སྲིད་གཞུང་གི་དྲུང་ཆེ་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཆེ་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སོགས་ཀྱི་འགན་ཁུར་རིང་། གོ་གནས་ཐོག་གི་སྟབས་བདེ་དང་དབང་ཆ་སྤྱད་དེ། འབྲེལ་ཡོད་ཚན་པ་དང་མི་སྒེར་གྱིས་ལས་གྲྭའི་འགན་གཙང་ལེན་དང་། རྣམ་གྲངས་འཛུགས་སྐྲུན། ས་ཆ་ནང་བཤུག་སོགས་ཀྱི་ཐད་རོགས་རམ་བྱས་རྗེས། མི་གཞན་བརྒྱུད་དེ་ཁྲིམས་འགལ་ངང་གོང་གསལ་ཚན་པ་དང་མི་སྒེར་གྱིས་སྤྲད་པའི་ལྐོག་རྔན་ཁྱོན་སྡོམ་མི་དམངས་ཤོག་སྒོར་བྱེ་བ་5དང་འབུམ་7ཁྲི་2ལྷག་ཙམ་བླངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཝང་ཧྥེ།
སྒྲིག་སྒྱུར། རྡོ་རྗེ་གཡུ་སྒྲོན།