ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འོས་སྦྱོར་ལེ་ཚན།

ཨ་རིའི་FDAཡི་སྤུས་ཚད་ཁས་ལེན་ཐོབ་པའི་བོད་ཀྱི་ཐོན་རྫས་ཐོག་མ།

2019-08-09 16:56:00     来源:     责编:nake

མཚོ་སྔོན་ར་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གསར་འཛུགས་མཁན་བཙུན་པ་ར་རྒྱ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་སློབ་གྲྭ་གསོའི་ཆེད་གསར་འཛུགས་གནང་བའི་གངས་ལྗོངས་གཅེས་ནོར་འགན་འཁྲི་ཚད་ཡོད་མཐུན་གཉེར་ཁང་གི་འབྲི་མོའི་སྤྲི་ཆུར་སོགས་ལ་རྒྱལ་ཁབ་ཙམ་མ་ཟད། ཨ་རིའི་ཟས་རིགས་དང་སྨན་རྫས་བརྟག་དཔྱད་ཁང་གི་ FDA ཞེས་པའི་སྤུས་ཚད་ཁས་ལེན་ཐོབ་པ་སོགས་རྒྱལ་སྤྱིའི་ཁྱོན་ནས་གདེང་འཇོག་ཤིན་ཏུ་ལེགས་པོ་ཐོབ་ཅིང་ཚོང་རར་ཐོན་རྫས་ཀྱིས་མི་འདང་བའི་གནས་ཚུལ་བྱུང་ཡོད་ལ། ལྷག་པར་དུ་ཐོན་སྐྱེད་གཞི་རྒྱ་སོགས་ཀྱིས་རྐྱེན་པས་རྒྱལ་ནང་ནས་རེ་ཞིག་ཉོ་དཀའ་བར་གྱུར་ཡོད་མོད། ལོ་གཉིས་ཙམ་གོང་ནས་བཟུང་། གངས་ལྗོངས་གཅེས་ནོར་རྟགས་ཅན་གྱི་མཐོ་སྒང་འབྲི་མོ་འོ་མའི་ཐོན་རྫས་དག་མཚོ་སྔོན་ནོ་མ་ངྷི་རྒྱལ་སྤྱིའི་ཚོང་འབྲེལ་ཚད་ཡོད་མཐུན་གཉེར་ཁང་གིས་ཚབ་ཚོང་བྱས་ཏེ་ད་ལྟ་ཟི་ལིང་གྲོང་ཁྱེར་གྱི་ཚོང་ར་སོ་སོར་བཀྲམ་ཡོད་ཅིང་། ཐེངས་འདིའི་ལས་གཞིའི་ཁྲོད་དུ་ཕུགས་བསམ་དང་རེ་བས་ཁེངས་བའི་བོད་ཀྱི་ན་གཞོན་སྐོར་ཞིག་སྟེ་ཤེས་བརྩོན་གཉིས་ལྡན་གྱི་དཔུང་སྡེ་ཞིག་ཀྱང་ཡོད་དེ། དེ་ནི་ཟི་ལིང་གྲོང་ཁྱེར་དུ་ཚུགས་པའི་སྐྱ་རེངས་ཕྱིར་ཚོང་དཔུང་སྡེ་ཡིན། སྐྱ་རེངས་ཕྱིར་ཚོང་དཔུང་སྡེ་འདིས་བོད་ཁམས་ཀྱི་ལྷད་མེད་ལ་སྤུས་དག་པའི་ཐོན་རྫས་གང་མང་ཞིག་ལ་ཕྱིར་ཚོང་གི་འབྲེལ་ལམ་ཉུང་བ་དང་བོད་པའི་ཁེ་ལས་མང་ཤོས་ལ་ཕྱིར་ཚོང་གི་འདུ་ཤེས་ཞན་པར་དམིགས་ནས་བོད་ཀྱི་སྤུས་དག་ཐོན་རྫས་དང་ཚོང་རའི་བར་ལ་སྔར་མེད་ཀྱི་ཟམ་ཆེན་ཞིག་བསྐྲུན་པར་ཧུར་བརྩོན་བྱེད་ཀྱིན་ཡོད།

གངས་ལྗོངས་གཅེས་ནོར་རྟགས་ཅན་གྱི་འབྲི་མོའི་འོ་མའི་ཐོན་རྫས།

སྐྱ་རེངས་ཕྱིར་ཚོང་དཔུང་སྡེ།

གངས་ལྗོངས་གཅེས་ནོར་རྟགས་ཅན་གྱི་འབྲི་མོའི་འོ་མའི་ཐོན་རྫས།

གངས་ལྗོངས་གཅེས་ནོར་རྟགས་ཅན་གྱི་འབྲི་མོ་འོ་མའི་ཐོན་རྫས།

གངས་ལྗོངས་གཅེས་ནོར་རྟགས་ཅན་གྱི་འབྲི་མོའི་འོ་མའི་ཐོན་རྫས་འདི་ཟི་ལིང་གྲོང་ཁྱེར་པེ་ཅིན་དཔའ་ལེན་དང་ཞིན་དཔའ་པེ་ཧཱོ་སོགས་གཙོ་བྱས་པའི་ཚད་ལྡན་ཚོང་ར་སོ་སོར་བཀྲམ་ཡོད་པས་སྟབས་བདེ་བོའི་ངང་ཉོ་ཐུབ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཝང་ཧྥེ།
སྒྲིག་སྒྱུར། པད་མ།

中央广播电视总台 版权所有