ལོ་གཅིག་ལ་ཉིན་55.7ལས་མེད་པའི“སའི་གོ་ལ”ཞིག་གསར་རྙེད་བྱུང་འདུག
སྤེལ་བའི་དུས་ཚོད། : 2019-08-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

འོད་ལོ་31ཕྱི་ནས “རིམ་འདས་སའི་གོ་ལ” ཤེས་རྟོགས་བྱུང་བ་དང་། དེ་རུ“ལོ་གཅིག”ལ་ཉིན་55.7ལས་མེད།

འཇིག་རྟེན་ཁམས་སུ་སའི་གོ་ལ་🌏ཕུད།
མིའི་རིགས་འཚོ་གནས་ལ་འཚམ་པའི་རྒྱུ་སྐར་གཞན་ཡོད་དམ།
ཉེ་ཆར་ཨ་རིའི་འཇིག་རྟེན་འཕུར་སྐྱོད་ཅུས་NASAཡིས་ཁྱབ་བསྒྲགས་བྱས་པ་ལྟར་ན།
ཁོ་ཚོས་དགུ་ཚིགས་ཕྱིའི་རྒྱུ་སྐར་འཚོལ་ཞིབ་ཆས“སྔོ་དྲེག”གིས།
སའི་གོ་ལ་དང་བར་ཐག་འོད་ལོ་31ཙམ་ཡོད་པའི་ས་རུ།
མིའི་རིགས་འཚོ་སྡོད་ལ་འཚམ་པའི་རྒྱུ་སྐར་ཞིག་རྙེད་ཡོད་པ་མ་ཟད།
དེའི་མིང་ལ “རིམ་འདས་སའི་གོ་ལ”ཞེས་བཏགས་ཡོད།
དེའི་སྤུས་ཚད་ནི་མ་མཐར་ཡང་སའི་གོ་ལའི་ལྡབ་6.1ཙམ་ཡིན་པ་དང་།
ཉིན་55.7ནང་མ་སྐར་ལ་སྤྱི་འཁོར་ཐེངས་རེ་བྱེད་ཀྱི་ཡོད་པ་དང་།
དེ་ལྟར་ན་གོ་ལ་དེ་རུ “ལོ་གཅིག”ལ་ཉིན་55.7ལས་མེད་པ་རེད།

གཤམ་གྱི་བརྙན་ལ་གཟིགས།👇

མིག་སྔར་ཚན་རིག་པ་རྣམས་ཀྱིས་ད་དུང་རྒྱུ་སྐར་དེའི་རླུང་ཁམས་ཆེན་མོའི་བང་རིམ་སྟུག་ཚད་གཏན་འཁེལ་བྱས་མེད་པ་དང་། གལ་ཏེ་རྒྱུ་སྐར་དེར་རླུང་ཁམས་ཆེན་མོའི་བང་རིམ་སྟུག་པོ་ལྡན་ན། སའི་གོ་ལ་དང་འདྲ་བར་ཕྱི་ངོས་སུ་ཚ་ཚད་འདང་ངེས་འཛིན་ཐུབ་པ་མ་ཟད། གཤེར་གཟུགས་ཆུ་ཡང་ཉར་ཐུབ་སྲིད་པས། “སའི་གོ་ལའི་དང་འདྲ་བའི་མིའི་རིགས་འཚོ་གནས་ཆ་རྐྱེན་འཛོམས་པ”དང་། ཚེ་སྲོག་སྐྱེ་འཕེལ་ཐུབ་པའི“རིམ་འདས་སའི་གོ་ལར”འགྱུར་ཐུབ་ཀྱང་སྲིད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།