ང་ཚོའི་འཚོ་བར་མིག་གིས་མཐོང་ཐུབ་པའི་འགྱུར་ལྡོག་འདི་དག་འབྱུང་སྲིད།
སྤེལ་བའི་དུས་ཚོད། : 2019-08-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཟླ་7ཚེས་31ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ། མང་ཚོགས་ཀྱི་དགོས་མཁོ་དང་འཚམ་པའི་ཚོང་ཟོག་འཛད་སྤྱོད་དང་རིག་གནས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་དང་། མཐར་ཐུག་གི་དགོས་མཁོའི་མི་མངོན་པའི་སྟོབས་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་སོགས་གཏན་འཁེལ་གནང་བ་རེད།

ཚོང་ཟོག་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས།

1. ཚོང་ལས་འཕོ་འགྱུར་དང་འཛད་སྤྱོད་རིམ་སྤར་གྱི་འཕེལ་ཕྱོགས་དང་བསྟུན་ནས། གཞི་གྲངས་ཆེན་པོ་སོགས་ཀྱི་ལག་རྩལ་སྤྱོད་པར་བསྔགས་སྐུལ་དང་། མངགས་བཅོལ་འཛད་སྤྱོད་དང་རིག་ནུས་འཛད་སྤྱོད་སོགས་ཚོང་ལས་ཀྱི་དཔེ་དབྱིབས་གསར་པ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ། སྲོལ་རྒྱུན་གྱི་ཚོང་ར་དང་བཟོ་ཁུལ་རྙིང་པ་སོགས་ནུས་པ་མང་བ་དང་ཕྱོགས་བསྡུས་རང་བཞིན་གྱི་འཛད་སྤྱོད་གཞི་རྟེན་གསར་པར་བསྒྱུར་བར་བསྔགས་སྐུལ་བྱ་རྒྱུ། ས་གནས་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཚོང་ལས་རྐང་ཐང་ཁྲོམ་གཞུང་སྒྱུར་བཀོད་དང་རིམ་སྤོར་བྱེད་ཆོག་གི་ཡོད་པ་རེད།

2. “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ས་གནས་ཀྱིས་སྤུས་རྟགས་རྒྱུད་འབྲེལ་ཁེ་ལས་ལ“ལག་ཁྱེར་གཅིག་དང་གནས་ཡུལ་མང་བའི”ཐོ་འགོད་ཚོད་ལྟ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། ཆ་རྐྱེན་འཛོམས་པའི་ཁེ་ལས་ཀྱིས་དཔེ་དེབ་དང་དུས་དེབ་འགྲེམས་སྤེལ་གྱི་ལས་སྒོ་གཉེར་བར“སྤྱི་ཁྱབ་པུའུ་ཡི་ཞིབ་མཆན་དང་ཚོང་ཁང་རྐྱང་པའི་ཐོ་འགོད་སྙན་ཞུ”ལག་བསྟར་བྱེད་པ། སྨན་ཐོ་འགོད་པའི་རིགས་ཁ་པའི་གཉེར་སྐྱོང་ཞིབ་མཆན་ཚོད་ལྟ་སྟབས་བདེ་རུ་གཏོང་བ་བཅས་བྱས་ནས། སིལ་ཚོང་གཉེར་སྐྱོང་ཐོབ་ཐང་ཞིབ་མཆན་དེ་ས་ཁུལ་དང་གྲོང་ཁྱེར་རིམ་པའི་སྲིད་གཞུང་ལ་གཤམ་སྤྲོད་བྱ་རྒྱུ།

3. སྡེ་ཁུལ་གྱི་སྨན་བཅོས་དང་། རྒན་གསོ། ཁྱིམ་ལས་སོགས་འཚོ་བའི་སྒྲིག་བཀོད་དེ་ཁུལ་ཆུང་རྙིང་པ་བསྒྱུར་བཀོད་བྱེད་ཁོངས་སུ་འཇུག་པར་བསྔགས་སྐུལ་བྱས་ནས། ནོར་ཁྲལ་གྱི་རྒྱབ་སྐྱོར་བྱས་ཏེ་དམངས་ཕན་འཛད་སྤྱོད་ཁུལ་གཏོད་རྒྱུ།

4. གློག་རྡུལ་ཚོང་དོན་གྲོང་གསེབ་ཏུ་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། ཞིང་ལས་ཐོན་རྫས་གྲང་སྦྲེལ་ཟོག་འགྲེམས་ཀྱི་ཞན་ཆ་གང་མགྱོགས་གསབ་རྒྱུ།

5. རྒྱལ་ཁོངས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་སིལ་ཚོང་ནང་འདྲེན་ཚོང་ཟོག་གི་གསལ་ཐོ་ལེགས་སྒྲིག་དང་རྒྱ་སྐྱེད་གཏོང་བ་དང་། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ནང་གི་ལས་སྣོན་བཟོ་སྐྲུན་ཁེ་ལས་ཀྱིས་མངའ་ཁོངས་ནང་ཁུལ་ཕྱིའི་མངགས་བཅོལ་ལས་སྣོན་ལས་སྒོ་དང་ལེན་ཆོག་པའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། རྒྱལ་སྤྱིའི་ཚོང་རྟགས་གྲགས་ཅན་ལ་ཀྲུང་གོར་ཐོན་རྫས་གསར་པ་ཐོག་མར་འགྲེམས་སྤེལ་བྱེད་དུ་འཇུག་པ་དང་། འཛད་སྤྱོད་རྒྱ་སྐྱེད་གཏོང་བར་སྐུལ་ཁྲིད་བྱེད་པ། རྒྱལ་ནང་གི་ཐོན་ལས་རིམ་འཕར་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ།

 

རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་ཐབས།

1.འཛད་སྤྱོད་དམངས་ཕན་ལ་སྐུལ་འདེད། ས་གནས་ཁག་གིས་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་ཆག་ཡང་དང་རྩ་ཆག་གཏོང་བ་དང་། དུས་ཚིགས་རང་བཞིན་གྱིས་རིན་མེད་དུ་སྒོ་ཕྱེ་བ། འཁྲབ་སྟོན་སྒོ་འཛིན་གྱི་རིན་གོང་གཅོག་པ་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱེད་པར་བསྔགས་སྐུལ་དང་། “དྲ་སྦྲེལ་+”ལ་བརྟེན་ནས་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་སྟབས་བདེ་ཚད་མཐོ་རུ་གཏོང་རྒྱུ།

2. ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ། རིག་གནས་ཡུལ་སྐོར་འཛད་སྤྱོད་དུས་ཚིགས་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུར་སྐུལ་མ་བཏང་ནས་སྦྲག་གྲུའི་སྤྲོ་གསེང་གྲུ་གཟིངས་ཀྱི་ཡུལ་སྐོར་སོགས་ལས་རྣམ་གསར་པའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ། རིག་གནས་དང་ཡུལ་སྐོར་བྱེད་གནས་ཀྱི་མཚན་མོའི་བཟའ་བཏུང་དང་། ཉོ་སྒྲུབ། རིག་གནས་འཁྲབ་སྟོན་སོགས་འཕེལ་རྒྱས་གཏོང་རྒྱུ།

3. ཁྲོམ་རའི་ལྟ་སྐུལ་དོ་དམ་འཐུས་སྒོ་ཚང་དུ་བཏང་ནས་རིག་གནས་དང་། ཡུལ་སྐོར། སྒྲིག་བཀོད་བཅས་ཀྱི་འཁོར་སྐྱོད་བདེ་འཇགས་འགན་ལེན་བྱེད་དགོས། ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་དང་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག མིང་ཐོ་ནག་པོའི་ནང་བཅུག་པའི་ཁྲོམ་རའི་བྱེད་པོ་དང་ལས་ཞུགས་མི་སྣར་མཉམ་དུ་ཆད་གཅོད་བསླབ་འདོམས་བྱས་ཏེ་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱ་རྒྱུ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།