ཕ་བུའི་སེམས་པ། རྒྱལ་ཁབ་དང་ཁྱིམ་གཞིས་ལ་བཅངས་པའི་བརྩེ་བ།
སྤེལ་བའི་དུས་ཚོད། : 2019-06-16 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་ཤུན་འཚོལ་བར་ཕེབས་༽ཞེས་པ་དེ་སྐབས་དེ་དུས་ནུབ་བྱང་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཀྱི་ཁ་རྒྱུན་ཞིག་ཡིན། སྟབས་བདེ་བའི་རྒྱ་ཡིག་ཡིག་འབྲུ་བཞི་པོ་ལས་མི་དམངས་མང་ཚོགས་ཚོས་ཞི་ཀྲུང་ཤུན་ལ་མཉེས་པོ་ག་ཚོད་ཡོད་མེད་ཤེས་ཐུབ།

དབྱི་ཊ་ལིའི་གྲོས་ཚོགས་སྨད་པའི་གྲོས་དཔོན་ཧྥི་ཁེས་བཏོན་པའི་དྲི་བར་ལན་བསྐྱོན་སྐབས་ཞི་ཅིན་ཕིང་གིས་བརྩེ་བ་ཟབ་མོའི་ངང་ང་རང་ནས་སྒེར་སེམས་མེད་པ་དང་མི་དམངས་ལ་ངོ་གནོང་མི་དགོས་པ་བྱ་རྒྱུ་ཡིན་ཞེས་ལན་འདེབས་གནང་བར་མི་དམངས་མང་ཚོགས་ཁྲོད་རྒྱ་ཁྱབ་ཏུ་བསྔགས་བརྗོད་ཐོབ་ཡོད།

ཞི་ཀྲུང་ཤུན་དང་ཞི་ཅིན་ཕིང་རྣམ་གཉིས་ཕ་བུའི་བརྩེ་བ་ཟབ་པས་ཁོང་རྣམ་པའི་མིག་དཔེའི་སྟོབས་ཤུགས་ནི་རླབས་ཆེ་བ་ཞིག་ཡིན། འགྱུར་བ་མེད་པའི་ཐོག་མའི་བསམ་འདུན་གཅིག་རྒྱུན་གཅིག་འཛིན་ཡིན་པ་དང་། དེ་དག་རྣམ་ཀུན་གྱི་ཞིབ་ཕྲའི་བྱ་བ་ཆུང་ངུ་རེ་རེའི་ཁྲོད་ནས་མངོན་གྱི་ཡོད།

བློ་ཁ་ཏང་ལ་ཕྱོགས། དད་སེམས་རི་ལྟར་བརྟན།

ཞི་ཀྲུང་ཤུན་གྱིས། མི་དམངས་ནི་སྲིད་དབང་ཡིན་པ་དང་། སྲིད་དབང་ནི་མི་དམངས་ཡིན་ཞེས་གསུངས་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོའི་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་ཡོང་བ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་ཆེད་ཡིན་ཞེས་གསུངས་ཡོད།

སྐུ་ན་བགྲེས་དུས་ཀྱི་ཞི་ཀྲུང་ཤུན།

ཞི་ཀྲུང་ཤུན་གྱི་ངོ་མཚར་ཆེ་བའི་སྐུ་ཚེ་ཧྲིལ་པོ་བརྗིད་ཆགས་ཉམས་དང་ལྡན་ཞིང་། བྱ་བ་ལམ་ལྷོངས་བྱུང་བའི་སྐབས་སུ་ཡིན་ནའང་འདྲ་ཡང་ན་དཀའ་སྡུག་གང་ཞིག་འཕྲད་རུང་ཁོང་གིས་མར་ཁེ་སི་རིང་ལུགས་ལ་བཅངས་པའི་དད་སེམས་ལ་འགྱུར་བ་བཏང་གནང་མེད་པ་དང་། ཏང་དང་མི་དམངས་ལ་བཅངས་པའི་ལྷག་བསམ་ལ་འགྱུར་བ་བཏང་གནང་མེད་པ། རྩ་འཛུགས་ལ་ཡིད་ཆེས་བྱ་རྒྱུར་འགྱུར་བ་བཏང་གནང་མེད།

མི་ཚེ་ཧྲིལ་པོ་དམག་འཐབ་དང་། མི་ཚེ་ཧྲིལ་པོ་སྤྲོ་སྣང་། ཉིན་ལྟར་འབད་འཐབ། ཉིན་ལྟར་དགའ་སྤྲོ་ལྡན་པ་ཞེས་པ་ནི་ཞི་ཀྲུང་ཤུན་གྱིས་ཚེ་མཇུག་ཏུ་ཁོང་གི་སྐུ་ཚེ་ཧྲིལ་པོར་གནང་བའི་ཕྱོགས་སྡོམ་རེད།

སྐུ་ཚེ་ཧྲིལ་པོའི་ཚེ་སྟོད་དུ། ཁོང་གིས་འབད་བརྩོན་ཆེན་པོས་ནུབ་བྱང་གི་དོན་དག་ཡག་པོ་བསྒྲུབས་གནང་བ་དང་། དགུང་ལོ་དྲུག་ཅུ་ལྷག་ཙམ་ལ་ཕེབས་སྐབས་བཀའ་བཀོད་ལྟར་ཀོང་ཏུང་ལ་ཕེབས་ནས་མེས་རྒྱལ་གྱི་ལྷོ་སྒོ་ཆེན་མོ་སྲུང་གནང་བ། གུང་ཁྲན་ཏང་ཡོན་ཞིག་གི་ངོས་ནས་ཏང་གི་ཆེད་དུ་ལས་དོན་མང་ཙམ་སྒྲུབ་རྒྱུ་ལས་ལྷག་པའི་བདེ་སྐྱིད་དང་སྤོབས་པ་གང་ཞིག་ཡོད་དམ་ཞེས་པའི་ཐོག་མའི་བསམ་འདུན་དེ་ཁོང་གིས་དུས་དང་རྣམ་པ་ཀུན་དུ་བྱ་སྤྱོད་ནང་དོན་འཁྱོལ་གནང་ཡོད།