བོད་ཀྱི་སློབ་མས་ཞིང་ཆེན་གཞན་དུ་ལས་ཞུགས་བྱེད་ཆོག་པའི་གཏམ་བཟང་ཞིག
སྤེལ་བའི་དུས་ཚོད། : 2019-06-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

དྲན་སྐུལ། ལས་གནས4000ལྷག་རང་འདེམ་བྱེད་པའི་གདན་ཞུ་ཚོགས་ཆེན་ཞིག

2019ལོའི་ལས་ཞུགས་བོད་སྐྱོར་ལས་དོན་ལ་སྐུལ་འདེད་བཏང་ནས་ཐེམ་ཁུངས་བོད་ནས་ཡིན་པའི་ལས་ཞུགས་ཐུབ་མེད་པའི་སློབ་ཆེན་སློབ་མར་ལས་ཞུགས་བྱ་རྒྱུར་རོགས་རམ་བྱ་ཆེད། བོད་རང་སྐྱོང་ལྗོངས་ལས་ཞུགས་བོད་སྐྱོར་གཞུང་ལས་ཁང་གིས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་ཅིག་ལ་འབྲེལ་བ་བྱས་པ་བརྒྱུད། ཅི་ལིན་ཞིང་ཆེན་དང་། ལིའོ་ཉིང་ཞིང་ཆེན། ཀོང་ཏུང་ཞིང་ཆེན། ཧྲའན་ཞི་ཞིང་ཆེན་གྱིས་ཐེམ་ཁུངས་བོད་ནས་ཡིན་པའི་ལས་ཞུགས་ཐུབ་མེད་པའི་སློབ་ཆེན་སློབ་མར་ལས་གནས4000ལྷག་ཙམ་མཁོ་འདོན་བྱས་ཡོད་པར་མ་ཟད། བོད་དུ་ཆེད་མངགས་གདན་ཞུའི་ཚོགས་འདུ་འཚོག་རྒྱུ་ཡིན་པས། འབྲེལ་ཡོད་དོན་ཚན་སྤྱི་བསྒྲགས་བྱས་པ་གཤམ་གསལ་ལྟར།

གཅིག གདན་ཞུ་ཚོགས་འདུའི་དུས་ཚོད།

ཟླ6ཚེས22ཉིན་གྱི་སྔ་དྲོའི་ཆུ་ཚོད10:30-13:00

གཉིས། གདན་ཞུ་ཚོགས་འདུའི་ས་གནས།

བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ནུབ་ཁུལ་སློབ་གྲྭ(ལྷ་ས་གྲོང་ཁྱེར་བཅིངས་འགྲོལ་དཀྱིལ་ལམ་གསེར་ཞིང་སྲང་ལམ་ཨང5པ) 西藏职业技术学院西校区(拉萨市金珠中路金农巷5号)

གསུམ། དོ་སྣང་བྱ་ཡུལ།

ཐེམ་ཁུངས་བོད་ནས་ཡིན་པའི་ལས་ཞུགས་ཐུབ་མེད་པའི་སློབ་ཆེན་སློབ་མས་རང་གི་ངོ་སྤྲོད་མདོར་བསྡུས་འཁྱེར་ནས་གདན་ཞུའི་ཚོགས་འདུར་ཞུགས་དགོས།

ཅི་ལིན་ཞིང་ཆེན་གྱི་ལས་གནས་ཆ་འཕྲིན།

ལིའོ་ཉིང་ཞིང་ཆེན་གྱི་ལས་གནས་ཆ་འཕྲིན།

ཀོང་ཏུང་ཞིང་ཆེན་གྱི་ལས་གནས་ཆ་འཕྲིན།

ཧྲའན་ཞི་ཞིང་ཆེན་གྱི་ལས་གནས་ཆ་འཕྲིན།




བོད་རང་སྐྱོང་ལྗོངས་ལས་ཞུགས་བོད་སྐྱོར་གཞུང་ལས་ཁང་།

2019ལོའི་ཟླ6ཚེས11ཉིན།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཝང་ཧྥེ།
རྩོམ་སྒྲིག་པ། སྒྲོལ་མ།