ཀྲུང་གོས་ལྗར་པ་གྱི་གསང་མྱུལ་བ་ཞིག་བཟུང་འདུག
སྤེལ་བའི་དུས་ཚོད། : 2019-05-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  

 ལྗར་པན་གྱི་NHKདང་ཐུན་མོང་གསར་འགྱུར་ཁང་སོགས་ཀྱིས་སྤྱི་ཟླ་5ཚེས་11ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ལྗར་པན་གྱི་ལོ་60ལ་སླེབས་པའི་སྐྱེས་པ་ཞིག་གིས་གསང་མྱུལ་གྱི་ལས་ཀ་སྒྲུབ་པའི་དོགས་གཞི་ཡོད་པར་བརྟེན་ཀྲུང་གོའི་ལེའོ་ཉིང་ཞིང་ཆེན་དུ་འཛིན་བཟུང་བྱས་ཡོད་པ་དང་། ས་གནས་དེ་གའི་ཁྲིམས་ཁང་གིས་ཚེས་10ཉིན་སྐྱེས་པ་དེར་ལོ་5དང་ཟླ་བ་6རིང་གི་དུས་བཀག་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་ཡོད་པ་མ་ཟད། དངུལ་ཆད་སྒོར་འབུམ་2ཀྱང་བཅད་ཡོད།

   

 ཀྲུང་གོས་2015ལོར་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་ལག་ལེན་བསྟར་བ་ནས་བཟུང་། ལྗར་པན་གྱི་གསང་མྱུལ་བ་མང་པོ་འཛིན་བཟུང་བྱས་ཤིང་། མིག་སྔའི་བར་མི་9ཁྲིམས་ལ་སྦྱར་ཡོད་པ་དང་། དེ་དག་ལས་བཙོན་དུ་འཇུག་ཡུན་རིང་ཤོས་ནི་ལོ་12ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཝང་ཧྥེ།
སྒྲིག་སྒྱུར། རྡོ་རྗེ་གཡུ་སྒྲོན།