མི་འདི་འདྲ་རླབས་ཆེན་མ་ཡིན་ནམ།
སྤེལ་བའི་དུས་ཚོད། : 2019-04-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  

  ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་དུ་ཟས་སྐྱེལ་བའི་ལས་ཀ་བྱེད་བཞིན་པའི་ཝང་ཅན་ལ་རྐང་པ་ཡ་གཅིག་ལས་མེད་མོད། ཡིན་ནའང་ཁོང་གིས་ཟས་སྐྱེལ་བའི་གོམ་སྟབས་ནི་དབང་པོ་ཚང་པའི་མི་རྒྱུན་ལྡན་ཞིག་ལས་ཀྱང་མགྱོགས་པ་སྟེ། ཁོང་ཁང་པ་ཐོག་རྩེག་བདུན་ཙམ་དུ་འགོ་བར་སྐར་ཆ་༤༡ཙམ་ལས་དགོས་ཀྱི་མེད།

   

   ཁོང་གིས་འདི་ལྟར་གྲོང་ཁྱེར་དེའི་ཁྲོམ་ལམ་ཆེ་ཆུང་གང་སར་དུས་ཚོད་སྐར་ཆ་ཙམ་ཡང་དམ་འཛིན་གྱིས་ཟས་བསྐྱལ་ནས་ལོ་ངོ་གཉིས་ཙམ་ཕྱིན་ཡོད་ཅིང་། ཁོང་ལ་ཕུགས་བསམ་ཞིག་ཡོད་པ་ནི་ནམ་ཞིག་རང་གིས་བསགས་པའི་དངུལ་གྱིས་རྐང་ཚབ་ཅིག་ཉོ་རྒྱུ་དེ་རེད། ཕུགས་བསམ་དེ་མངོན་དུ་འགྱུར་ཆེད། ཁོང་གིས་དཀའ་ངལ་མང་པོ་ཁྱད་དུ་གསོད་དགོས་པ་སྟེ། དཔེར་ན་ཐོག་རྩེག་མཐོ་ཞིང་གློག་སྐས་མེད་པའི་དུད་ཁྱིམ་ལ་ཟས་སྐྱེལ་སྐབས་དཀའ་ཚེགས་ཤིན་ཏུ་ཆེ་ཞིང་དངུལ་ཆུ་ཁྲོམ་ཁྲོམ་དུ་བཞུར་ན་ཡང་། མི་རེ་འགས་ཁོང་ལ་ཟས་བསྐྱལ་བའི་མགྱོགས་ཚད་དལ་སོང་འདུག་ཅེས་སྡིགས་མོ་བྱེད་པ་མ་ཟད། ད་དུང་ཁྱེད་ལ་རྐང་པ་མེད་ཀྱང་ཟས་སྐྱེལ་བའི་ལས་ཀ་འདི་ལས་ནས་ག་རེ་བྱེད་ཀྱི་ཡོད་ཅེས་སོགས་ཚིག་རྩུབ་སྨྲ་བཞིན་ཡོད། དེ་ལྟར་ཡིན་མོད། ཁོང་གིས་རང་ཁ་རང་གསོ་བྱེད་པ་ནི་གཟི་བརྗིད་ཅིག་ཏུ་བརྩིས་ཏེ་མི་དེ་ཚོའི་སྐད་ཆ་རྣ་རྒྱབ་ཀྱི་རླུང་བུ་བཞིན་དོར་ཞིང་ཧུར་བརྩོན་ཆེན་པོས་ཟས་སྐྱེལ་བཞིན་ཡོད།

  

འཁར་བར་བརྟེན་དྲགས་པས་ལག་པར་ཤ་དྲེག་ཆགས་པ།

   ཚ་བ་ཆེ་སྐབས་སམ་ཁ་ཆར་འབབ་སྐབས་སོགས་གནམ་གཤིས་ཡག་པོ་མིན་སྐབས། ཟས་སྐྱེལ་བ་ཁག་ཅིག་གིས་ངལ་གསོ་བཞིན་ཡོད་མོད། ཁོང་གིས་སྐབས་དེ་དག་ཏུ་ངལ་མི་གསོ་བ་མ་ཟད། ད་དུང་དེ་གོ་སྐབས་ཤིག་ཏུ་བརྩིས་ནས་མཚན་མོའང་ཟས་སྐྱེལ་བཞིན་ཡོད།

   

 ཁོང་གིས་དཀའ་སྡུག་ནི་མི་ཚེའི་རྒྱུ་ནོར་ཆེ་ཤོས་ཤིག་ཡིན་ཞིང་། དཀའ་སྡུག་ལས་རྣམ་པར་རྒྱལ་རྗེས་གཞན་གྱིས་ཚོར་དཀའ་བའི་བདེ་སྐྱིད་ཅིག་རྙེད་ཐུབ་པའི་ལྟ་ཚུལ་འཛིན་གྱི་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
སྒྲིག་སྒྱུར། བདེ་ལྷ་མོ།