ལོ19ཅན་གྱི་སློབ་ཆེན་སློབ་མ་སྣ་གདོང་གཤག་བཅོས་ཁྲོད་ཚེ་ལས་འདས་པ།
སྤེལ་བའི་དུས་ཚོད། : 2019-01-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ལོ19ཅན་གྱི་སློབ་ཆེན་སློབ་མ་སྣ་གདོང་གཤག་བཅོས་ཁྲོད་ཚེ་ལས་འདས། སྨན་ཁང་གིས་སྤྲིད་སྨན་མ་འཕྲོད་པར་བཤད།

ལོ19ཅན་གྱི་སློབ་ཆེན་སློབ་མ་སྣ་གདོང་གཤག་བཅོས་ཁྲོད་ཚེ་ལས་འདས། སྨན་ཁང་གིས་སྤྲིད་སྨན་མ་འཕྲོད་པར་བཤད་ལ། དུས་ཚོད་སྐར་མ1དང་སྐར་ཆ13ཡིན།



བུ་མོའི་ཨ་མ།

ཟླ1ཚེས3ཉིན། ད་ལོ་ལོ་ན19ལ་སོན་པའི་ཞ་ལི་ཧྲ་ཀུའེ་ཀྲོའུ་ལི་མེ་ཁང་མཛེས་བཅོས་སྨན་ཁང་ནས་སྣ་གདོང་གཤག་བཅོས་བྱས། དེ་དུས་མོས་མོའི་ཨ་ཅེ་ལ་མོ་དངོས་གནས་ཇེ་ཡག་ཏུ་ཡོང་ངེས་ཡིན་ཞེས་བཤད་མྱོང་། ཡིན་ནའང་། མཛེས་བཅོས་ཀྱི་གཤག་བཅོས་དེ་ནི་མོ་འཆི་ལམ་དུ་འགྲོ་བའི་མཇུག་མཐའི་འགྲུལ་བཞུད་ཡིན་པ་སུ་ཞིག་གིས་རྟོགས། སྣ་གདོང་གཤག་བཅོས་ཁྲོད་གཤག་བཅོས་ལ་བར་ཆད་བྱུང་ནས་ཞ་ལི་ཧྲ་ཕྱིར་སོས་མེད་པར་བྱུང་། དེའི་བརྒྱུད་རིམ་ཁྲོད་ཞ་ལི་ཧྲ་ནད་གཞན་རྟག་དཔྱད་དགོས་པའང་བྱུང་། ཨ་མ་དང་ཨ་ཅེ་གཉིས་སྨན་ཁང་ལ་འབྱོར་དུས་མོའི་དབུགས་ཀྱི་རྒྱུ་བ་ཆད།


བུ་མོ་ཞ་ལི་ཧྲ།

ཟླ1ཚེས4ཉིན། ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་ཡུན་ཡན་ཁུལ་འཕྲོད་བསྟེན་ཨུའུ་ཡོན་གྱི་ལས་བྱེད་མི་སྣས་གསར་འགྱུར་པར། ཁོང་ཚོས་དོན་དག་དེ་ཤེས་རྟོགས་བྱུང་ནས་རྟགས་དཔྱད་བྱེད་བཞིན་པའི་སྒང་ཡིན་ཟེར། གཤག་བཅོས་སྨན་ཁང་གིས་ཁྱིམ་མིས་ཁྲིམས་ལུགས་ཀྱི་རིམ་པ་བརྒྱུད་དེ་དོན་དག་དེ་ཐག་གཅོད་བྱས་ཆོག་པའི་རེ་ཞུ་བྱེད་པ་རེད།


ཀུའེ་ཀྲོའུ་ལི་མེ་ཁང་མཛེས་བཅོས་སྨན་ཁང་།

བྱེ་བྲག་གི་མཛེས་བཅོས་གཤག་བཅོས་ཀྱི་གོ་རིམ་ཁྲོད་གློ་བུར་བའི་དོན་རྐྱེན་བྱུང་དོན་ལ་གསལ་འགྲེལ་བྱས་ཡོད་པ་ནི། སྣ་གདོང་གཤག་བཅོས་ནི་ཉེན་ཁའི་གཤག་བཅོས་ཀྱི་གྲས་མིན་པར་མ་གཏོགས་གློ་བུར་ཚ་རྒྱས་ཀྱི་རྐྱེན་ཡང་མེད་པར་བཤད། ཆེས་ཉེན་གནས་ནི་སྤྲིད་སྨན་ཡིན་སྲིད་པར་དོགས།

རྒྱུས་ལོན་བྱུང་བར་ལྟར་ན། ཞ་ག་གེ་མོ་ཟླ་འདིའི་ཚེས5ཉིན་ཀུའེ་ཀྲོའུ་གསོ་རིག་སློབ་ཆེན་ཁོངས་གཏོགས་སྨན་ཁང་ནས་བེམ་པོར་ཞིབ་བཤེར་བྱས་པ་དང་། ཞིབ་བཤེར་མཇུག་འབྲས་ཟླ་གཅིག་གི་རྗེས་སུ་གསལ་བསྒྲགས་བྱ་ངེས་ཡིན།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཝང་ཧྥེ།
རྩོམ་སྒྲིག་པ། སྒྲོལ་མ།