གཏམ་བཟང་། ཉ་མོ་ཚེ་ཐར་གཏང་མི་ཆོག་པའི་བཀའ་རྒྱ།
སྤེལ་བའི་དུས་ཚོད། : 2019-01-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་ཉ་རིགས་གཞན་ཚེ་ཐར་གཏང་མི་ཆོག་པའི་བརྡ་ཁྱབ་སྤེལ།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཆུ་བོའི་རིགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་། ཆུ་སྐྱེས་སྲོག་ཆགས་ཀྱི་སྣ་མང་རང་བཞིན་དང་ཉ་རིགས་ཁྱད་པར་ཅན་འཚོ་སྡོད་བྱེད་པར་སྲུང་སྐྱོང་བྱ་ཆེད། ཡུལ་ཤུལ་ཁུལ་གྱིས་རྒྱལ་ཁབ་ཀྱི་ཉ་ཁྲིམས་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ཁྲིམས། ཆུ་སྐྱེས་སྲོག་ཆགས་སྐྱེ་འཕེལ་དང་གཞན་གཏོང་གི་ཁྲིམས་གསུམ་གཞིར་བཅས་ནས། ཉ་རིགས་གཞན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་ཚེ་ཐར་གཏང་མི་ཆོག་པའི་བཀའ་རྒྱ་བསྒྲགས།


དེའི་འབྲེལ་ཡོད་དོན་ནི་གཤམ་གསལ།

ཉ་རིགས་གཞན་ཏེ། ས་གཞན་ནས་ཁྱེར་ཡོང་བའི་ཉ་རིགས།

བཀག་སྡོམ་བྱ་ཡུལ། ཡུལ་ཤུལ་ཁུལ་ཡོངས་ཀྱི་རྨ་འབྲི་རྫ་གསུམ་གྱི་ཆུ་གཞུང་དང་། ཡན་ལག་གི་ཆུ། མཚེའུ་དང་ཆུ་མཛོད་སོགས་སྤྱི་སྤྱོད་ཆུའི་ཁོངས།

བཀག་སྡོམ་དུས་ཚོད། 2019ལོའི་ཟླ1པའི་ཚེས1ཉིན་ནས་བཟུང་གཏན་དུ་འགོག་པ།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།
ལྟ་སྐུལ། ཝང་ཧྥེ།
རྩོམ་སྒྲིག་པ། བསོད་ཚེ།