▶ཨ་རིས་ཨེ་ཙི་གསོ་ནད་ཀྱི་རིམས་འགོག་སྨན་ཁབ་གསར་པ་གསར་སྤེལ་བྱས་འདུག
སྤེལ་བའི་དུས་ཚོད། : 2019-01-03 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

 ཨ་རིས་ཨེ་ཙི་གསོ་ནད་ཀྱི་རིམས་འགོག་སྨན་ཁབ་གསར་པ་གསར་སྤེལ་བྱས་ཤིང་། སྤྲེའུར་ཚོད་ལྟ་བྱས་ནས་བདེན་དཔང་ཐོབ་པ།

2018ལོའི་ཟླ་12 ཚེས་28 ཉིན། ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཞིབ་འཇུག་མི་སྣས་ཉེ་དུས་ཨེ་ཙི་གསོ་ནད་ཀྱི་རིམས་འགོག་སྨན་ཁབ་གསར་པ་ཞིག་གསར་སྤེལ་བྱས་། སྤྲེའུར་ཚོད་ལྟ་བྱས་ནས་མངོན་པར། སྨན་ཁབ་དེའི་རིགས་གཏིགས་ཚེ་ཨེ་ཙིའི་ནད་དང་ཆ་འདྲ་བའི་ནད་དུག་འགོག་ཐུབ་པར་བཤད་ཅིང་། གནས་ཚུལ་དེས་ཨེ་ཙི་ནད་སྔོན་འགོག་བྱེད་པར་རེ་བ་གསར་པ་བྱིན།

ཨ་རིའི་ཁི་རེ་སི་ཏོ་ཧྥུ་སོགས་ཞིབ་འཇུག་སྡེ་ཁག་གི་ཞིབ་འཇུག་མི་སྣས་ཉེ་དུས་ཨ་རིའི་རིག་གཞུང་དུས་དེབ《རིམས་འགོག》ཐོག་འབྲེལ་ཡོད་གྲུབ་འབྲས་སྙན་སེང་ཞུས། ཁོང་ཚོས་ཨེ་ཙི་ནད་དུག་སྤྲི་དཀར་ཤུན་པགས་ཐད་ཀྱི་ཞན་ཆ་དེར་དམིགས་ནས་རིམས་འགོག་སྨན་ཁབ་འདི་གསར་གཏོད་གནང་བ་དང་། དེས་རིམས་འགོག་སྨན་ཁབ་འགོག་གཟུགས་འབྱུང་སྲིད་པར་མ་ཟད། རིམས་འགོག་མ་ལག་ལས་ཐོན་པ་དང་དེའི་འགོག་གཟུགས་ནད་དུག་དང་འབྲེལ་བའི་ཞན་ཆ་ལ་ཕར་རྒོལ་བྱེད་ཐུབ་པས། སྲུང་སྐྱོབ་ཀྱི་བྱེད་ནུས་ཐོན་ཐུབ།

ཞིབ་འཇུག་མི་སྣས་གང་གཱའི་ཀླུང་གི་སྤྲེའུ་ཁ་ཤས་ལ་སྦྱོར་ཚད་མི་འདྲ་བའི་རིམས་འགོག་སྨན་ཁབ་གསར་པ་གཏིགས་པ་ན། དེའི་ནང་ནས་སྤྲེའུ་ལ་ལའི་ལུས་ཕུང་དུ་ཆུ་ཚད་མཐོ་བའི་འགོག་གཟུགས་དང་། གཞན་ལ་ལར་ཆུ་ཚད་དམའ་བའི་འགོག་གཟུགས་བསྐྱེད་ཐུབ་པ་བྱུང་། མིའི་རིགས་ཀྱི་ཨེ་ཙི་འགོས་ནད་ཀྱི་ནད་དུག་དང་ཧ་ཅང་མཚུངས་པའི་སྤྲེའུ་ལ་ནད་དུག་འགོག་པའི་ནུས་པ་ཐོན་པ་དེས། ཕྱིན་ཆད་སྨན་ཁབ་འདི་རིགས་སྤྱད་ཆོག་པའི་གཏན་ཁེལ་བྱུང་ཞེས་ཞིབ་འཇུག་པས་གསུངས།

ངོ་སྤྲོད་བྱས་པར་གཞིགས་ན། དེའི་གོང་དུ། ཨེ་ཙི་གསོ་ནད་ཀྱི་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་གྱི་བསམ་ཕྱོགས་ཁ་ཤས་ནི་རིམས་འགོག་མ་ལག་གིTཕྲ་ཕུང་སོགས་ཀྱིས་ནུས་པ་འདོན་པར་བརྟེན། རིམས་འགོག་སྨན་ཁབ་གསར་པ་དེ་རིགས་ལ་བརྟེན་ནས་གོང་གསལ་འགོག་གཟུགས་ནུས་པ་ཐོན་གྱི་ཡོད་པ་རེད། དེའི་ནུས་པའི་རྒྱུ་རྐྱེན་རྩ་བ་ནས་མི་འདྲ་སྟེ། ཨེ་ཙི་ནད་སྔོན་འགོག་བྱེད་པར་བསམ་ཕྱོགས་གསར་པ་ཁ་སྣོན་བྱས་ཡོད།

མ་འོངས་པར་ཞིབ་འཇུག་མི་སྣའི་འཆར་གཞི་ལྟར་ན། མིའི་རིགས་ཀྱི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་སྤེལ་ཏེ་སྔ་ཙམ་ནས་རིམས་འགོག་སྨན་ཁབ་གསར་པ་དེ་དངོས་སུ་སྤྱོད་མགོ་ཚུགས་རྒྱུ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཝང་ཧྥེ།
རྩོམ་སྒྲིག་པ། སྒྲོལ་མ།