འཕྲིན་ཕྲན་དང་དངུལ་སྤྲོད་འབོ་ཡིས་ང་ཚོར་བདེ་མོ་འཇོག་པ།
སྤེལ་བའི་དུས་ཚོད། : 2018-11-20 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཁྱེད་ཀྱིས་དུས་རབས་ལ་འགྱུར་ལྡོག་ཆེ་བར་སྨོན་བ་ཤོར་བའི་དུས་སུ། མཱ་ཡོན་དང་མཱ་ཧྭ་ཐིན་གྱིས་དངུལ་སྤྲོད་ཁ་པར་དང་བྲལ་བར་འཇུག་པ་རེད།

མགྱོགས་བགྲོད་གཞུང་ལམ་གྱི་དངུལ་སྤྲོད་ལ་སྔ་ན་མེད་པའི་འཕོ་འགྱུར་ཆེན་པོ་ཞིག་འབྱུང་བཞིན་ཡོད་དེ། འཕྲིན་ཕྲན་དང་དངུལ་སྤྲོད་འབོ་ཡིས་མཉམ་དུ་མགྱོགས་བགྲོད་གཞུང་ལམ“ཚོར་མེད”དངུལ་སྤྲོད་ཀྱི་ལམ་ཁར་འཁྲིད་སྲིད།

ཅི་ཞིག་ལ“ཚོར་མེད”དངུལ་སྤྲོད་ཟེར་ཞེ་ན།

དངུལ་སྤྲོད་འབོ་ནས་འདི་ལྟ་སྟེ།

ཡིད་རྟོན་སྐར་མ550ཡན་ཡོད་ཕྱིན་ཐད་ཀར་རླངས་འཁོར་གྱི་བྱང་བུ་བརྒྱུད་ནས་དངུལ་སྤྲོད་པའི་དུས་རབས་ལ་སླེབས་སྲིད། ཁྱེད་ཀྱི་རླངས་འཁོར་བྱང་བུ་དང་དངུལ་སྤྲོད་འབོ་གཅིག་ཏུ་སྦྲེལ་ན་རླངས་འཁོར་ནི་དངུལ་སྤྲོད་འབོ་དང་རླངས་འཁོར་བྱང་བུ་དངུལ་སྤྲོད་ཨང་གྲངས་སུ་གྱུར།

མགྱོགས་བགྲོད་གཞུང་ལམ་ནས་འབབ་ཚེ་རང་འགུལ་གྱིས་རླངས་འཁོར་བྱང་བུ་ངོས་བཟུང་ནས་ཁྱེད་ཀྱི་དངུལ་སྤྲོད་འབོ་ནས་དངུལ་འཐེན། ལམ་རིང་བོར་དངུལ་སྒོར་དང་ཁ་པར་རེག་མི་དགོས་པའོ། །

ཁྱེད་ཀྱི་འཕྲིན་ཕྲན་ནས།

ཐད་ཀར“མྱུར་བགྲོད་གཞུང་ལམ e སྐྱོད”སྤྱོད་དེ། ཁྱེད་ཀྱི་རླངས་འཁོར་བྱང་བུ་དང་འཕྲིན་ཕྲན་སྦྲེལ་ཏེ་གསང་གྲངས་མེད་པའི་དངུལ་སྤྲོད་སྒྲིག་བཀོད་བྱས་ཆོག གལ་སྲིད་བློ་མི་བདེ་ཕྱིན་ལམ་རིན་ཟུར་ནས་ཉར་ནའང་ཆོག

མྱུར་བགྲོད་གཞུང་ལམ་ནས་འབབ་ཚེ་ཐོག་མར་མར་འབབ་ཏུ་བཅུག་རྗེས། རླངས་འཁོར་བྱང་བུར་རང་འགུལ་གྱིས་ངོས་བཟུང་སྟེ་ཁྱེད་ཀྱི་འཕྲིན་ཕྲན་ལས་ལམ་རིན་འཐེན་ཏེ་འཕྲིན་ཐུང་གཏོང་བ་ཡིན།

དེ་ལས་ཧ་ལས་པ་ཞིག་ནི། ཕྱོགས་ཡོངས་ནས་ལམ་ཐིག་གཅིག་གྱུར་བྱས་རྗེས་རྒྱལ་ཡོངས་ནས་བྱང་བུ་མི་མཁོ་བ་དང་རླངས་འཁོར་འདུག་མི་དགོས་པར་རང་འགུལ་གྱིས་དངུལ་སྤྲོད།

མིག་སྔར། ཧོ་ནན་ནས་དངུལ་སྤྲོད་འབོ་ཡིས་དངུལ་སྤྲོད་ཚོད་ལྟ་བྱས་པ་དང་། ཧྲན་ཏུང་ནས་འཕྲིན་ཕྲན་དངུལ་སྤྲོད་ཚོད་ལྟ་བྱས། རྒྱལ་ཡོངས་རང་བཞིན་མྱུར་བགྲོད་གཞུང་ལམ་དངུལ་སྤྲོད་འཕོ་འགྱུར་གསར་བ་ཞིག་གི་ཚོད་ལྟ་ལག་བསྟར་བྱེད་བཞིན་མཆིས།

ཁྱེད་ཀྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་རིན་སྤྲོད་པར་འཕོ་འགྱུར་བྱུང་བ་མཐོང་བ་མ་གཏོགས་ད་དུང་ཁ་པར་དངུལ་སྤྲོད་རིམ་གྱིས་བྲལ་བཞིན་པ་ཚོར་དགོས་པ་མ་ཡིན་ནམ།

རླངས་འཁོར་འཇོག་ས། ཧྲང་ཧེའི་ཁང་བའི་ནང་གི་རླངས་འཁོར་འཇོག་ས་མང་བར་མིས་རིན་དངུལ་མི་ལེན་པར་རླངས་འཁོར་བྱང་བུར་བརྒྱུད་ནས་དངུལ་འཐེན་པ་དང་། ཧང་ཀྲིག་ས་ཆ་ན་ལམ་འགྲམ་གྱི་རླངས་འཁོར་འཇོག་ས་ནའང་གློག་གིས་རླངས་འཁོར་བྱང་བུ་ངོས་བཟུང་བརྒྱུད་ནས་དངུལ་འཐེན་པ་རེད།

ཟ་ཁང་། ཟ་ཁང་མང་བོ་ཞིག་ནས་ཁ་པར་ཡང་མི་མཁོ་བར་ཞལ་རིས་ངོས་བཟུང་བརྒྱུད་ནས་ཟས་རིན་སྤྲོད་པ་རེད།

ཚོང་ཁང་། འཕྲིན་ཕྲན་མི་མེད་ཚོང་ཁང་ཧྲང་ཧའེ་ནས་ཚོད་ལྟ་བྱས། ཚོང་རྫས་གང་མཁོ་བླངས་ནས་སོང་ཕྱིན་འཕྲིན་ཕྲན་དང་དངུལ་བྱང་བརྒྱུད་ནས་འཐེན་པ་རེད།

དངུལ་ཁང་། ཞིང་ལས་དངུལ་ཁང་ནས་ཞལ་རིས་ངོས་བཟུང་བརྒྱུད་ནས་དངུལ་སྒོར་ལེན་པ་དང་། འཛུགས་སྐྲུན་དངུལ་ཁང་ནས་ཞལ་རིས་ངོས་བཟུང་བརྒྱུད་ནས་དངུལ་སྤྲོད་འགྲོ་རིམ་ཐམས་ཅད་བྱང་བུ་དང་ཁ་པར་ཅི་ཡང་མི་མཁོ་བར་བསྒྲུབ་ནུས།

སྨན་ཁང་། སྨན་ཁང་གང་མང་ཞིག་ནས་དངུལ་སྤྲོད་འབོ་དང་སྦྲེལ་ཚེ་ཁ་པར་མ་བཟུང་རུང་སྨན་རིན་རང་འགུལ་གྱིས་འཐེན་པས་ཡང་བསྐྱར་དུ་གྲལ་བསྒྲིགས་མི་དགོས་སོ། །

ད་དུང་མྱུར་བགྲོད་གཞུང་ལམ་སོགས་ཕྱོགས་གང་ཅིའི་ཐད་ནས་ཁ་པར་ལ་བདེ་མོ་འཇོག་གིན་ཡོད། ཁྱེད་རང་ཁ་པར་དངུལ་སྤྲོད་ལ་ལོབ་དབང་མེད་པར་དེའི་དུས་སྐབས་མཇུག་རྫོགས་ལ་ཉེ།

འགྲན་རྩོད་ཀྱི་རླབས་རྒྱུན་དྲག་པའི་གནས་བབ། ཉིན་འགའི་སྔོན། ཐང་ཧྲན་དངུལ་ལེན་ས་ཚིགས་ཤིག་ཕྱིར་འཐེན་དུས་ལས་མིས་ངོ་རྒོལ་ཐེབས་བྱུང་། ཁོ་ཚོས་བཤད་རྒྱུར། མོ་རང་ད་ལོ་ལོ36ཡིན་ལ། དངུལ་ལེན་པའི་བྱ་བ་ལས་ཅི་ཡང་སྒྲུབ་མི་ཤེས་ཟེར།

དེང་སྐབས་བལྟས་ཡོང་ན། ཁྱེད་ལ་དངུལ་ལེན་པའི་ལས་གནས་ལས་ཕུད་པ་ནི་ཅི་ཡང་མིན་ཏེ། ལོ་དུ་མར་སྒོ་སྲུང་གི་ཐིག་ཤིང་སོགས་ཀྱང་མེད་པར་བཟོ་སྲིད་པས་སོ། །

ཡིན་ཏེ། ཚན་རིག་གིས་ང་ཚོའི་འཚོ་བར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕོ་འགྱུར་འབྱུང་དུ་འཇུག་སྲིད་པས། ཁེ་ལས་མང་བོ་ཞིག་ལག་གི་ཕོར་བ་བོར་བར་དོགས་ནས་འཚིག་པ་ཟ་བཞིན་མཆིས།

ཡིན་ནའང་། དུས་རབས་ཀྱི་ཕྱིར་ཕུད་པའི་མི་བུ་གང་ཞིག་ཡིན་རུང་ལང་ཕྱོགས་གོ་ལྡོག་ནས་ཞིབ་འདང་ཟབ་མོ་ཞིག་བརྒྱབ་ན་དེ་ནི་ཁྱེད་ཉིད་སླར་གསོ་ཡི་གོ་སྐབས་ཤིག་མ་ཡིན་ནམ།

མཱ་ཡོན་གྱིས་བཤད་རྒྱུར། ལོ30ཡི་རྗེས་སུ་ང་ཚོའི་བྱིས་པ་རྣམས་ཀྱིས་ལས་གནས་རེག་མི་ཐུབ་པ་ཁག་ཐེག་བྱེད། རེད་དེ། ཡོད་ཚད་ཚན་རིག་གིས་ཚབ་བྱས་ནས་གསར་བརྗེ་བྱེད་བཞིན་པའོ། །

ཁྱེད་ཀྱིས་ད་དུང་གཞན་རྣམས་རྗེས་ལུས་རེད་ཟེར་ནས་འཕྱ་སྨོད་བྱེད་དུས་ཁྱེད་ལའང་དེ་བཞིན་གྱི་སྡུག་བསྔལ་འཁོར་ཡོང་བ་དྲན་ཨེ་མྱོང་།

དུས་རབས་ཀྱི་འཕེལ་རྒྱས་ལ་འགོག་ཐབས་མེད་པས་ཁྱེད་ཉིད་ཀྱི་བརྩོན་སེམས་བོར་ན་ནམ་ཞིག་གི་ཚེ་ཁྱེད་རང་ཡང་ཕྱིར་ཕུད་ངེས་སོ། །

རང་སེམས་བཙལ་ཏེ་བརྩོན་སེམས་བཏུས་ནས་འབད་བརྩོན་བྱེད་པ་ལས་རང་ལས་གཞན་པའི་མགོན་ཞིག་མེད་པར་ངེས་པར་ཤེས་དགོས་པའི་གནད་ཀྱི་དམ་པའོ། །

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཝང་ཧྥེ།
རྩོམ་སྒྲིག་པ། སྒྲོལ་མ།