ཨ་རིར་འགྲོ་བ་རྣམས་ཀྱིས་ངེས་པར་དུ་མཉམ་འཇོག་བྱེད་དགོས།
སྤེལ་བའི་དུས་ཚོད། : 2018-10-23 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཕྱི་འབྲེལ་པུའི་ཁེ་སྐྱོང་སིས་དྲན་སྐུལ་གལ་ཆེན་བསྒྲགས་དོན། ད་ལོ་ནས་བཟུང་ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་ལ་ཀྲུང་གོའི་སྤྱི་དམངས་ཨ་རིར་འབྱོར་བ་དག་གི་གོང་ཞུ་འབྱོར་བ་ལྟར་ན། ཨ་རིར་སོང་ན་མི་སྒེར་གྱི་ཁ་པར་དང་གློག་ཀླད་སོགས་གློག་རྡུལ་སྒྲིག་ཆས་དག་ལ་ཨ་རིའི་ས་མཚམས་འགག་སྒོའི་ཁྲིམས་བསྟར་མི་སྣས་ཞིབ་བཤེར་བྱེད་བཞིན་ཡོད་ལ། དུས་མཚུངས་སུ་ས་གནས་སྨྱན་སྦྱོར་ལས་ཁུངས་ཀྱི་གསར་འགྱུར་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཁོངས་སུ་ཡོང་བའི་མི་སྣའི་གློག་རྡུལ་སྒྲིག་ཆས་ལས་ཁྲིམས་འགལ་གྱི་ཞོར་ལས་དང་ཆགས་སྲེད་ཀྱི་ཆ་འཕྲིན་སོགས་ཡོད་པས། མི་དེ་རིགས་བཀག་འགོག་བྱེད་པར་མ་ཟད། ཐ་ན་ཞུ་གཏུག་ཀྱང་རྒྱག་ངེས་ཡིན།

ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་དོན་གཅོད་ཁང་གིས་དེའི་དོན་ཆེད་དུ་ཁྱབ་བསྒྲགས་དྲན་སྐུལ་བྱེད་རྒྱུར། ཨ་རིའི་ཁྲིམས་ལུགས་ལྟར་ན། ཨ་རིའི་མཐའ་མཚམས་ཀྱི་འགག་སྒོའི་ཁྲིམས་བསྟར་མི་སྣར་ཨ་རིའི་རྒྱལ་ཁོངས་སུ་ཕར་འགྲོ་ཚུར་འོང་བྱེད་པའི་མི་སྣར་དཔྱད་བཤེར་བྱེད་པའི་དབང་ཆ་ཡོད་པར་མ་ཟད། དེར་ཨ་རིའི་རྩ་ཁྲིམས་དག་བཅོས་འཆར་ཟིན་གྱིས་ཚོད་འཛིན་མི་ཐེབས་པ་དང་། དེར་ཐོག་མའི་ཆོག་མཆན་སྙན་ཞུ་འབུལ་མི་དགོས་པར་གསུངས།

ཉེ་ལམ། ཨ་རིའི་ས་མཚམས་ཞིབ་བཤེར་སྐོར་གྱི་ཁྲིམས་བསྟར་སྡེ་ཁག་གིས་འདིའི་སྐོར་ལ་སྔར་ལས་ཁ་གསལ་བྱས་ཏེ། ཨ་རིའི་རྒྱལ་ཁོངས་སུ་འགྲོ་འོང་བྱེད་པའི་འགྲུལ་པར་སྔོག་བཤེར་བྱེད་པར་ཐེ་ཚོམ་མི་དགོས་ལ། གལ་སྲིད་འགྲོ་འོང་གི་འགྲུལ་པ་དང་དེའི་རྡོག་ཁྲེས་ལ་དོགས་པ་ཅུང་ཙམ་ཡོད་ཚེ་དེའི་གློག་རྡུལ་འཕྲུལ་ཆས་ལ་རིམ་སྤོར་སྔོག་བཤེར་བྱེད་དབང་ཡོད་པར་མ་ཟད།་ སྔ་མོ་ནས་འགྲུལ་པར་ཡུལ་སྐོར་གློག་རྡུལ་སྒྲིག་ཆས་བྱ་རིམ་ཤེས་སུ་བཅུག་ནས་གསང་གྲངས་དང་འཕྲིན་གློག་རྡུལ་སྒྲིག་ཆས་ཁྲོད་ཀྱི་ཆ་འཕྲིན་སོགས་ཕབ་ཉར་བྱ་དགོས། (སྤྱིར་སྔོག་བཤེར་བྱ་ཡུན་ཉིན་5ལས་མི་བརྒལ་པ།)

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་སྒྲིག་པ། བསོད་ཚེ།