གད་སྙིཊ་ལས་བཟོས་པའི་རྩེག་༩ཅན་གྱི་བཤམས་སྟོན་ཁང་ངོ་མཚར་བ།
སྤེལ་བའི་དུས་ཚོད། : 2018-09-28 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གོའི་ཐེ་ཝན་ནས་ཡིན་པའི་ཇུས་འགོད་པ་ཧོང་ཆིན་ཀྲི་(黄谦智)ཡིས་ཁོར་ཡུག་སྲུང་སྐྱོང་གི་དམིགས་འདུན་སེམས་ལ་བཅངས་ནས། གད་སྙིགས་ཕྱིར་བསྡུ་དང་བསྐྱར་སྤྱོད་ཀྱི་ལས་ལ་གཞོར་བ་དང་། འདས་བའི་ལོ་ཤས་རིང་ཁོང་གིས་རང་གི་བློ་རིག་ལ་བརྟེན་ནས། ཕྱིར་བསྡུ་བྱས་པའི་གད་སྙིགས་ཀྱིས་ཐོག་བརྩེགས་དགུ་ཅན་གྱི་དངོས་མང་བཤམས་སྟོན་ཁང་ཞིག་བཟོས་པ་མ་ཟད། ད་དུང་ཁོར་ཡུག་སྲུང་སྐྱོང་གི་དམིགས་འབེན་དང་འཚམ་པའི་Nikeརྟགས་ཅན་གྱི་ལྷམ་དང་ཁྱིམ་ཆས་སོགས་ཐོན་རྫས་སྣ་ཚོགས་ཇུས་འགོད་བྱས་ཏེ་ཧྥ་རན་སི་ལ་སོགས་ཕྱི་རྒྱལ་གྱི་ཚོང་ར་འགའ་ཤས་སུ་བཀྲམ་འདུག

འགྱིག་དམ་ལས་བཟོས་པའི་དངོས་མང་བཤམས་སྟོན་ཁང་།


ཕྱིར་བསྡུ་བྱས་པའི་ཤོག་སྒམ་སོགས་ལས་བཟོས་བའི་ནང་གི་མཛེས་བཟོ་དང་ཁྱིམ་ཆས་སོགས།

 

 

རྩོམ་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཝང་ཧྥེ།
རྩོམ་སྒྲིག་པ། བསོད་ནམས་འཚོ།