ཀྲུང་དབྱང་གིས་ནག་ཚོགས་ངན་པ་རིཊ་༡༢རྩ་མེད་དུ་གཏོང་རྒྱུ་རེད།
སྤེལ་བའི་དུས་ཚོད། : 2018-07-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

གཅིག ཀྲུང་དབྱང་གི་ལྟ་སྐུལ་ཁྲིད་སྟོན་ཚོ་ཆུང་ས་གནས་ཁག་ཏུ་བསྐྱོད།


སྤྱི་ཟླ6པའི་ཚེས24ཉིན། པེ་ཅིན་དུ་རྒྱལ་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་འཛིང་ལྟ་སྐུལ་ཁྲིད་སྟོན་ལས་ཀའི་གསོ་སྦྱོང་འཛིན་གྲྭ་བཙུགས་ཤིང་ལྟ་སྐུལ་ཁྲིད་སྟོན་ཚོ་ཆུང་བཅུ་ཡི་མི335གསོ་སྦྱོང་དུ་ཞུགས་པ་རེད།

ཀྲུང་དབྱང་ལྟ་སྐུལ་ཁྲིད་སྟོན་ཚོ་ཆུང་གི་ལྟ་སྐུལ་ཁྲིད་སྟོན་ཐེངས་དང་པོའི་ལས་ཀ་བཀོད་སྒྲིག་གཤམ་གསལ་ལྟར།

མི་སྣའི་སྒྲིག་འཛུགས་ཐད། ཞིང་ཆེན་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་རྒན་པས་ལྟ་སྐུལ་ཁྲིད་སྟོན་ཚོ་ཆུང་གི་འགོ་གཙོའི་འགན་བཞེས་པ་དང་། རྒྱལ་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་འཛིང་ལྟ་སྐུལ་ཁྲིད་སྟོན་ཚོ་ཆུང་གི་གྲུབ་མིའི་ཁོངས་མི་ཞིང་ཆེན་རིམ་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཞོན་པས་ཚོ་ཆུང་གི་འགོ་གཙོ་གཞོན་པའི་འགན་འཁུར་ཞིང་། འབྲེལ་ཡོད་ལས་ཁུངས་ནས་གྲུབ་མི་སྐོང་འཐེན་བྱས་ཏེ་བསྡོམས་པས་མི335ཡོད་པ་རེད།
དུས་ཚོད་བཀོད་སྒྲིག་ཐད། 2018ལོའི་ཟླ་བ7པ་ནས་བཟུང་ལྟ་སྐུལ་ཁྲིད་སྟོན་ལས་ཀའི་འགོ་བཙུགས་པ་དང་ལྟ་སྐུལ་ཁྲིད་སྟོན་རེས་སྐོར་གསུམ་སྒྲིག་འཛུགས་བྱ་རྒྱུ་དང་། རེས་རེར་ཞིང་ཆེན་དང་ས་ཁུལ། གྲོང་ཁྱེར10ཡས་མས་ལ་ལྟ་སྐུལ་ཁྲིད་སྟོན་བྱ་རྒྱུ་ཡིན་ཞིང་བཅའ་སྡོད་དུས་ཚོད་སྤྱིར་བཏང་ཡིན་ན་ཟླ་བ་གཅིག་ཡིན་པ་རེད། 2019ལོའི་ལོ་མཇུག་ཏུ་ལྟ་སྐུལ་ཁྲིད་སྟོན་ཡོངས་སུ་ཁེབས་ཐུབ་པར་བྱ་རྒྱུ་དང་ད་ལོར་ཧོ་པེ་དང་ཧྲན་ཞི། ལིའོ་ལིན། ཧྥུ་ཅན། ཧྲན་ཏུང་། ཧོ་ནན། ཀོང་ཏུང་། ཁྲུང་ཆིང་། སི་ཁྲོན་བཅས་ཞིང་ཆེན་བཅུར་ལྟ་སྐུལ་ཁྲིད་སྟོན་ཐེངས་དང་པོ་བྱ་རྒྱུ་རེད།

དེ་སྔོན་ཟླ་བ6པའི་ཚེས20ཉིན་ལ་རྒྱལ་ཡོངས་ཀྱི་ནག་ཚོགས་འཇོམས་པའི་གཞུང་ལས་ཁང་གི་ཀྲུའུ་རེན་གྲོས་ཚོགས་འཚོགས་ཤིང་། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་དྲུང་ཡིག་ཆེན་མོ་དང་རྒྱལ་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་འཛིང་ལྟ་སྐུལ་ཁྲིད་སྟོན་ཚོ་ཆུང་གཞུང་ལས་ཁང་གི་ཀྲུང་རེན་ཁྲེན་དབྱི་ཞིན་གྱིས་གྲོས་ཚོགས་གཙོ་འགན་བཞེས་ནས་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ནག་འཇོམས་ངན་སེལ་གྱི་དངོས་ཡོད་འཐབ་འབྲས་ཀྱིས་མང་ཚོགས་ཀྱི་རེ་འདོད་ཡོངས་སུ་བསྐང་དགོས་ཞེས་ནན་གསུང་གནང་བ་རེད།

གཉིས། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ནག་འཇོམས་ངན་སེལ་ཆེད་དོན་འཐབ་འཛིང་སྤེལ་བའི་སྐོར་གྱི་བརྡ་སྦྱོར》བཀྲམ་སྟེ་ནག་ཚོགས་དང་ངན་པའི་སྟོབས་ཤུགས་རིགས་བཅུ་གཉིས་དང་ངན་རོགས25ལ་རྡུང་རྡེག་གཙོ་བོར་གཏང་རྒྱུ་རེད།

ནག་ཚོགས་དང་ངན་པར་འཕྲད་ཚེ། ཐེར་འདོན་བྱེད་ཕོད་དགོས། ཅི་ཞིག་ལ“ནག”དང་ཅི་ཞིག་ལ“ངན”ཟེར་བ་རེད་ཟེར་ན། ཁྱོད་ཀྱིས་འོག་གི་བཏགས་རིས་ལ་གཟིགས་དང་ཤེས་ངེས་རེད།

1.ཆབ་སྲིད་ཀྱི་བདེ་འཇགས་དང་ལྷག་པར་དུ་ལམ་ལུགས་ཀྱི་བདེ་འཇགས། སྲིད་དབང་གི་བདེ་འཇགས་ལ་གནོད་པ་དང་། དེ་མིན་ཆབ་སྲིད་ཀྱི་ཁྱབ་ཁོངས་སུ་སིམ་འཛུལ་བྱེད་པའི་ནག་ཚོགས་དང་ངན་པའི་སྟོབས་ཤུགས།

2.གཞི་རིམ་གྱི་སྲིད་དབང་བཟུང་ཞིང་། གཞི་རིམ་གྱི་སྐབས་བརྗེའི་འདེམས་བསྐོ་ལ་བཀོད་པ་དང་གཏོར་བཤིག་བཏང་བ། ཞིང་སྡེའི་ཐོན་ཁུངས་སྒེར་སྡེམ་བྱས་པ། ཐུན་མོང་གི་རྒྱུ་ནོར་ཧམ་ཟ་བྱས་པ་བཅས་ཀྱི་ནག་ཚོགས་དང་ངན་པའི་སྟོབས་ཤུགས།

3.ཁྱིམ་རྒྱུད་དང་ཆོས་ལུགས་ཀྱི་དྲག་ཤུགས་བེད་སྤྱད་བཏང་ནས་ཡུལ་ཚོར་ཁྲིམས་འགལ་ལུགས་དཀྲུག་དང་ཧམ་ཤེད་ཁུར་བ། མི་སེར་ལ་ཞན་ཐུབ་དང་གནོད་འཚེ་བཅས་བཏང་བའི་གྲོང་སྡེའི་དཔོན་ངན་སོགས་ནག་ཚོགས་དང་ངན་པའི་སྟོབས་ཤུགས།

4.ས་ཞིང་གཞུང་བསྡུ་དང་བོགས་གླ་གཏོང་བ། གནས་སྤོ་བ། ཨར་ལས་ལས་གཞི་བསྐྲུན་པ་སོགས་ཀྱི་བརྒྱུད་རིམ་དུ་ཟིང་འཁྲུག་བསླངས་པའི་ནག་ཚོགས་དང་ངན་པའི་སྟོབས་ཤུགས།

5.འཛུགས་སྐྲུན་ཨར་ལས་དང་འགྲིམ་འགྲུལ་སྐྱེལ་འདྲེན། གཏེར་ལས་ཐོན་ཁུངས། ཉ་ལས་འཛིན་བཟུང་སོགས་ཀྱི་ལས་རིགས་དང་ཁྱབ་ཁོངས་སུ། ཨར་ལས་བཙན་འགུགས་དང་བསམ་ངན་གྱིས་སུས་འཇོན་དེ་འགུགས་བྱས་པ། ཁྲིམས་འགལ་གྱིས་ས་བཟུང་བ། སྔོག་འདོན་གང་མོས་བཅས་བྱས་པའི་ནག་ཚོགས་དང་ངན་པའི་སྟོབས་ཤུགས།

6.ཚོང་ཁྲོམ་དང་སྡེབ་འཚོང་ཁྲོམ་ར། རླངས་འཁོར་འབབ་ཚུགས་དང་གྲུ་ཁ། ཡུལ་སྐོར་ལྗོངས་ཁུལ་སོགས་སུ་བརྙས་ལས་ཁྲོམ་སྡེམ་དང་བཙན་དབང་ཉོ་ཚོང་། སྲུང་སྐྱོབ་བཙན་དངུལ་བསྡུས་པའི་ཁྲོམ་དཔོན་དང་ལས་རིགས་ཀྱི་དཔོན་ངན་སོགས་ནག་ཚོགས་དང་ངན་པའི་སྟོབས་ཤུགས།

7.ཆགས་སྲེད་དང་རྒྱན་འགྱེད། དུག་བཅས་ཁྲིམས་འགལ་ཉེས་བསགས་བྱེད་སྒོ་ལ་བཀོད་པ་དང་ཚོང་གཉེར་བྱས་པའི་ནག་ཚོགས་དང་ངན་པའི་སྟོབས་ཤུགས།

8.ཁྲིམས་འགལ་གྱིས་སྐྱེད་ཀ་མཐོ་བའི་དངུལ་བུན་བཏང་བ་དང་དྲག་སྤྱོད་ཀྱིས་བུ་ལོན་དེད་པ་སོགས་ཀྱི་ནག་ཚོགས་དང་ངན་པའི་སྟོབས་ཤུགས།

9.དམངས་ཁྲོད་ཀྱི་འགལ་བར་ཞུགས་ཤིང་ལྐོག་ཏུ་ཁྲིམས་འཛིན་རུ་ཁག་རྫུན་མར་བྱས་པའི་ནག་ཚོགས་དང་ངན་པའི་སྟོབས་ཤུགས།

10.དྲ་བའི་འཕྲིན་གཏོང་དཔུང་ཚོགས་སྒྲིག་འཛུགས་དང་གླས་ནས་དྲྭ་ཐོག་འཇིགས་སྐུལ་དང་སྡིགས་མོ། དམའ་འབེབས། སྐུར་འདེབས། སུན་བཟོ་བཅས་བྱས་པའི་ནག་ཚོགས་དང་ངན་པའི་སྟོབས་ཤུགས།

11.ཕྱི་ཕྱོགས་ཀྱི་ནག་ཚོགས་རྒྱལ་ནང་དུ་འཕེལ་རྒྱས་སིམ་འཛུལ་དང་རྒྱལ་ཁོངས་དང་ས་མཚམས་བརྒལ་བའི་ནག་ཚོགས་དང་ངན་པའི་སྟོབས་ཤུགས།

12.དུས་མཉམ་དུ་ནག་ཚོགས་དང་ངན་པའི་སྟོབས་ཤུགས་ལ་སྲུང་སྐྱོབ་བྱེད་མཁན་སེམས་ཐག་གཙང་བཅད་ཀྱིས་རྩད་ཆོད་པར་བྱ་རྒྱུ།

གསུམ། རྒྱལ་ཡོངས་དང་ཞིང་ཆེན་ཁག་གི་ཐེར་འདོན་ཁ་པར་ཁྱབ་བསྒྲགས།
རྒྱལ་ཡོངས་ཀྱི་ཐེར་འདོན་ཁ་པར།01012389
སི་ཁྲོན་གྱི་ཐེར་འདོན་ཁ་པར།02886301110
ལིའོ་ལིན་གྱི་ཐེར་འདོན་ཁ་པར།02423239360
ཧོ་ནན་གྱི་ཐེར་འདོན་ཁ་པར།037165884900
ཐེན་ཅིན་གྱི་ཐེར་འདོན་ཁ་པར།02212389
ཧྲན་ཞིའི་ཐེར་འདོན་ཁ་པར།03514034110
ཧྲའན་ཞིའི་ཐེར་འདོན་ཁ་པར།02986165651
ཅང་སུའུ་ཡི་ཐེར་འདོན་ཁ་པར།02583524730
ཀོང་ཏུང་གི་ཐེར་འདོན་ཁ་པར།02012389
ཧུའུ་ནན་གྱི་ཐེར་འདོན་ཁ་པར།073184590292
ཧུའུ་པེའི་ཐེར་འདོན་ཁ་པར།02787239049
ཡུན་ནན་གྱི་ཐེར་འདོན་ཁ་པར།087163053110
ཀོང་ཞིའི་ཐེར་འདོན་ཁ་པར།07712892341
ཀན་སུའུ་ཡི་ཐེར་འདོན་ཁ་པར།09315156300
ཧེ་ལུང་ཅང་གི་ཐེར་འདོན་ཁ་པར།045187936775
ཧྲན་ཏུང་གི་ཐེར་འདོན་ཁ་པར།053185121600
ཨན་ཧའེ་ཡི་ཐེར་འདོན་ཁ་པར།055162801304
ཧོ་པེའི་ཐེར་འདོན་ཁ་པར།031166565690
ཞིན་ཅང་གི་ཐེར་འདོན་ཁ་པར།09915656753
ཅེ་ལིན་གྱི་ཐེར་འདོན་ཁ་པར།043182097213
ཧྥུ་ཅན་གྱི་ཐེར་འདོན་ཁ་པར།059187094094
ཀྲེ་ཅང་གི་ཐེར་འདོན་ཁ་པར།110057187286585
མཚོ་སྔོན་གྱི་ཐེར་འདོན་ཁ་པར།09718292719
ཁྲུང་ཆིང་གི་ཐེར་འདོན་ཁ་པར།02363960789
བོད་ལྗོངས་ཀྱི་ཐེར་འདོན་ཁ་པར།089112389
ཅང་ཞིའི་ཐེར་འདོན་ཁ་པར། 079112389

ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བ།
རྩོམ་སྒྲིག་པ། གཤོག་པ།