དབྱར་རྩྭ་དགུན་འབུ་རྫུན་མ་ཡིན་མིན་འདི་ལྟར་བརྟག་དགོས།
སྤེལ་བའི་དུས་ཚོད། : 2018-06-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ད་ལྟའི་དུས་སུ་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་ཚིགས་ཡིན་པས། དབྱར་རྩྭ་དགུན་འབུ་ཉོ་འཚོང་བྱེད་སྐབས་རྒྱུན་དུ་རྫུན་མ་ཡིན་མིན་དབྱེ་བ་ཧ་ཅང་འབྱེད་དཀའ། གཤམ་ནས་རྩོམ་སྒྲིག་པས་དབྱར་རྩྭ་དགུན་འབུའི་བདེན་རྫུན་གྱི་དབྱེ་བ་ཅི་ལྟར་དགར་དགོས་པའི་སྐོར་གྱི་ཤེས་བྱ་འགའ་མཚམས་སྦྱོར་བྱ་རྒྱུ་ཡིན་པས། ཀུན་ལ་ཕན་པར་སྨོན།

  

   དང་པོ། དབྱར་རྩྭ་དགུན་འབུའི་ཚད་གཞི། སྤྱིར་བཏང་དབྱར་རྩྭ་དགུན་འབུའི་རིང་ཚད་ལ་ལི་རྨིད3 ནས 5 བར་ཡོད་ཅིང་། ཚངས་ཐིག་ལ་ལི་རྨིད 0.3 ནས་0.8 ཡོད་པ་དང་། དབྱིབས་ནི་དར་འབུ་དང་འདྲ། དབྱར་རྩྭ་དགུན་འབུ་ཅི་ལྟར་སྦོམ་ན་སྤུས་ཀ་དེ་ལྟར་བཟང་།

   

   གཉིས་པ། དབྱར་རྩྭ་དགུན་འབུའི་ཁ་དོག དབྱར་རྩྭ་དགུན་འབུའི་ཁ་དོག་ནི་ཁམ་ནག་དང་ཁམ་སྐྱ་ཡིན་ལ། དེ་ཡང་སྡོང་བོའི་ཡལ་ག་སྐམ་པོའི་མདོག་དང་འདྲ། ལྷག་པར་དབྱར་རྩྭ་དགུན་འབུའི་མིག་ནི་ཁམ་ནག་དང་དམར་སྨུག་ཡིན།

  

གསུམ་པ། དབྱར་རྩྭ་དགུན་འབུའི་རྐང་ལག་གི་གྲངས་ཀ དབྱར་རྩྭ་དགུན་འབུར་རྐང་ལག་བརྒྱད་ཡོད་ཅིང་། དཀྱིལ་གྱི་རྐང་ལག་བཞི་བོ་ནི་མགོ་རྔ་གཉིས་ལས་ཅུང་སྦོམ་པོ་ཡིན། མགོ་བོ་ཅུང་ནང་དུ་གུག་ཡོད་ལ་ཁོག་སྟོད་ཅུང་འབུར་དུ་ཐོན་ཡོད།

  

 བཞི་བ། དབྱར་རྩྭ་དགུན་འབུའི་ཁོག དབྱར་རྩྭ་དགུན་འབུ་བཅགས་རྗེས་ཁོག་པའི་ནང་དུ་ཐིག་རིས་མཐོང་ཐུབ་ལ། དཀྱིལ་དུ V དབྱིབས་ཀྱི་ནག་ཐིག་ཡོད་པ་དེ་ནི་དབྱར་རྩྭ་དགུན་འབུའི་འཇུ་བྱེད་ཡིན། དྲི་ངན་ཞིག་བྲོ་ཞིང་ཤ་མོའི་དྲི་མ་ཞིམ་པོ་བྲོ་བའང་ཡོད། དེ་ནི་དབྱར་རྩྭ་དགུན་འབུའི་ཁྱད་ཆོས་གཙོ་བོ་ཡིན།

ཡོང་ཁུངས། སེམས་ཀྱི་ཞིང་ཁམས་འཕྲིན་སྟེགས།
རྩོམ་སྒྲིག་པ། གཤོག་པ།