▶ཀུ་ཤུ་ཁ་པར་གྱི་ཆེད་ཚོང་ཁང་རྫུན་མ་མི་ཉུང་བྱུང་ཡོད་པས་གཟབ་རོཊ།
སྤེལ་བའི་དུས་ཚོད། : 2018-05-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

     ཉེ་ལམ། པེ་ཅིང་གྲོང་ཁྱེར་བཟོ་ཚུང་ལས་ཁུངས་ཀྱིས་ཀུ་ཤུ་ཁ་པར་གྱི་ཆེད་ཚོང་ཁང་རྫུན་མ་རྩད་ཆོད་བྱུང་ཡོད་ཅིང་། ཚོང་ཁང་དེ་དག་ཏུ་འཚོང་བཞིན་པའི་ཀུ་ཤུ་ཁ་པར་གྱི་ཐོན་རྫས་རྫུན་མ་དག་ནི་ཕར་བལྟས་ཚོད་ཀྱིས་དག་མ་དང་དབྱེ་བ་འབྱེད་དཀའ་བ་མ་ཟད། རིན་གོང་ཡང་ཁ་པར་དག་མ་དང་གཅིག་མཚུངས་ཡིན་པས། ཞིབ་པར་མ་བལྟས་ན་དག་རྫུན་གྱི་དབྱེ་བ་འབྱེད་ཤིན་ཏུ་ཁག་པོ་ཡིན་པ་རེད།
      གལ་སྲིད་ཀུ་ཤུ་ཁ་པར་གྱི་གློག་རྫས་དང་གློག་གསོག་ཆས་སོགས་ཚོང་ཁང་རྫུན་མ་དེ་རིགས་ལས་ཉོས་ན། ཁ་པར་འགད་པའི་ཉེན་ཁ་ཤིན་ཏུ་ཆེན་པོ་ཡོད་པས་ངེས་པར་གཟབ་དགོས།
     དེས་ན་ང་ཚོས་ཅི་ལྟར་བྱས་ཏེ་ཚོང་ཁང་གི་དག་རྫུན་འབྱེད་དགོས་ཞེ་ན། དེ་ཡང་ཁག་པོ་ཞིག་མ་ཡིན་ཏེ། ང་ཚོ་ཀུ་ཤུ་ཁ་པར་གཞུང་ཕྱོགས་དྲ་བwww.apple.com/cn/འདི་རུ་སོང་ནས་གཤམ་གྱི་གོ་རིམ་ལྟར་རང་ཉིད་ཡོད་སའི་གྲོང་ཁྱེར་དུ་ཀུ་ཤུའི་ཆེད་ཚོང་ཁང་དག་མ་ག་འདྲ་ཡོད་པ་ཤེས་རྟོགས་བྱ་ཆོག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་སྒྲིག་པ། པད་མ།