ཆོས་དབྱིངས་སྐྱིད་སོགས་ལུས་རྩལ་པས་རྨད་དུ་བྱུང་བའི་གྲུབ་འབྲས་བླངས།
སྤེལ་བའི་དུས་ཚོད། : 2018-05-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཟླ་5པའི་ཚེས་5ནས་ཚེས་6བར། 2018ལོའི་རྒྱལ་སྤྱིའི་རྒྱུག་འགྲན་ལས་འཛམ་གླིང་ཚོགས་པའི་འདུར་རྒྱུག་བྱ་དགའི་འགྲན་སྡུར་དེ་ཅང་སུའུ་ཞིང་ཆེན་ཐེ་ཚང་གྲོང་ཁྱེར་དུ་འཚོག་བཞིན་ཡོད་ལ།

མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་པ་ཆོས་དབྱིངས་སྐྱིད་སོགས་ཀྲུང་གོའི་འཐུས་ཚབ་ཀྱིས་སྐྱེས་མའི་སྤྱི་ལེ་20ཅན་གྱི་ཚོགས་པའི་འགྲན་སྡུར་ཁྲོད་ཨང་དང་པོ་དང། ཆུ་ཚོད་1དང་སྐར་མ་27སྐར་ཆ་05ལ་བརྟེན་ནས་རྒྱལ་སྤྱིའི་མི་སྒེར་གྱི་ཨང་གཉིས་པ་བླངས།

གཞན་ཡང་། མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་པ་མཱ་ཧྥ་ཡུའེ་དང་ཀླུ་མོ་འཚོ་གཉིས་ཀྱིས་ཀྲུང་གོའི་འཐུབ་ཚབ་ཀྱི་སྐྱེས་མའི་སྤྱི་ལེ་50ཡི་ཚོགས་པའི་འགྲན་སྡུར་ཁྲོད་ཨང་དང་པོ་བླངས་ཤིང་། མཱ་ཧྥ་ཡུའེ་ཡིས་རྒྱལ་སྤྱིའི་མི་སྒེར་ལས་ཨང་ལྔ་བ་དང་། རྒྱལ་ནང་གི་ཨང་གསུམ་པ་བླངས་ཤིང་། ཀླུ་མོ་འཚོ་ཡིས་རྒྱལ་སྤྱིའི་མི་སྒེར་ལས་ཨང་བདུན་པ་དང་རྒྱལ་ནང་གི་ཨང་བཞི་བའི་འབྲས་བུ་ཅུང་ལེགས་པོ་བླངས་འདུག

ཡོང་ཁུངས། འཕགས་ཆེན་འཕྲིན་སྟེགས།
རྩོམ་སྒྲིག་པ། ལྷ་སྐྱིད།