▶རླབས་ཆེ་བའི་དངོས་ལུགས་རིག་པ་བ་ཧོ་ཁེན་མཆོག་སྐུ་གྲོངས་པ།
སྤེལ་བའི་དུས་ཚོད། : 2018-03-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

      ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། དབྱིན་ཇིའི་སྨྱན་སྦྱོར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དབྱིན་ཇིའི་སྐད་གྲགས་ལྡན་པའི་དངོས་ཁམས་རིག་པ་མཁས་ཅན་སི་ཏེ་ཧྥེང་ཧོ་ཁེན་སྤྱི་ཚེས་༡༤ཉིན་ཁོང་གི་ཅན་ཆའོ་རུ་ཡོད་པའི་ཁྱིམ་དུ་སྐུ་གཤེགས་པ་དང་། སྐུ་གཤེགས་དུས་དགུང་ལོ་༧༦ཡིན་པ་རེད།
    ཧོ་ཁེན་གྱི་བུ་ཕྲུག་གིས་སྤྱི་ཚེས་༡༤ཉིན་གྱི་ཐོ་རངས་ཁྱབ་བསྒྲགས་བྱས་པའི་གསལ་བསྒྲགས་ཤིག་ནང་། ང་ཚོ་ཡིད་ཤིན་ཏུ་སྐྱོ་སོང་། ང་ཚོའི་དགའ་གུས་འོས་པའི་ཕ་ལགས་དེ་རིང་སྐུ་གཤེགས་སོང་ཞེས་འཁོད་ཡོད་པ་དང་། གསལ་བསྒྲགས་ནང་ད་དུང་། ཁོང་ནི་རླབས་ཆེན་གྱི་ཚན་རིག་མཁས་པ་དང་། ཕུལ་བྱུང་གི་སྐྱེ་བོ་ཞིག་ཡིན་ཞིང་། ཁོང་གིས་གནང་བའི་ཕྱག་ལས་དང་ལས་རྒྱུན་མུ་མཐུད་འཛམ་གླིང་ཐོག་དར་ཁྱབ་འགྲོ་ངེས་རེད་ཅེས་འཁོད་ཡོད།


    ཧོ་ཁེན་སྤྱི་ལོ་༡༩༤༢ལོའི་ཟླ་༡པོའི་ཚེས་༨ཉིན་འཁྲུངས་ཤིང་། ཅན་ཆའོ་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་གནང་མྱོང་ཡོད། ཚན་རིག་ཞིབ་འཇུག་ཐད། ཁོང་གིས་འཇིག་རྟེན་ཁམས་དང་ནག་དོང་ཞིབ་འཇུག་སོགས་ཁྱབ་ཁོངས་ནང་འགག་གཏོར་རང་བཞིན་གྱི་ལེགས་སྐྱེས་ཕུལ་ཡོད།

  འཚོ་བའི་ཐད། ཁོང་ལ་མཐོང་དཀོན་པའི་འགུལ་སྐྱོད་ཀླད་རྩའི་སྙུང་གཞི་ཕོག་ནས། ལུས་ཡོངས་ཀྱི་ཤ་གནད་རིམ་པས་ཁུམ་རུང་། ཞིབ་འཇུག་ཕྱག་ལས་མཚམས་མ་ཆད་པར་མཐའ་འཁྱོངས་གནང་ཡོད། ཁོང་གི་སྙིང་རུས་ལྡན་པའི་སྒོ་ནས་ཕྱག་ལས་གནང་བའི་གནས་ཚུལ་ལ་ཚང་མས་དོ་ཁུར་ཆེན་པོ་བྱས་ཡོད་ཅིང་། ཁོང་གི་གནས་ཚུལ་མཚོན་པའི་༼དངོས་ཀུན་རིགས་པའི་གཞུང་ལུགས་༽ཞེས་པའི་གློག་བརྙན་ཞིག་བཟོ་མྱོང་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
རྩོམ་སྒྲིག་པ། པད་མ།