རྒྱ་གར་མཐའ་སྲུང་དམག་མིས་རྒྱ་ཡིག་སྦྱོང་མགོ་ཚུགས་འདུག
སྤེལ་བའི་དུས་ཚོད། : 2018-03-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  

ཀྲུང་གོ་དང་རྒྱ་གར་བར་འབྲོག་ལམ་མཐའ་མཚམས་ས་ཁུལ་གྱི་ཁ་གཏད་དུ་ལངས་པའི་དོན་རྐྱེན་མཇུག་རྫོགས་རྗེས། རྒྱ་གར་གཞུང་ཕྱོགས་ཀྱིས་མཐའ་སྲུང་དམག་མི་གསར་པར་ལོ་གཅིག་རིང་རྒྱ་ཡིག་སྦྱོང་དགོས་པའི་སྒྲིག་ལམ་གསར་བ་གཏན་འཁེལ་བྱས་ཡོད་པ་རེད། རྒྱ་གར་སྨྱན་སྦྱོར་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ད་སྔར་མཐའ་སྲུང་དམག་དཔུང་དེའི་དམག་མི་གཉིས་ཀྱིས་འབྲེལ་ཡོད་ཀྱི་སློབ་ཚན་ཆ་ཚང་སྦྱངས་ཟིན་པར་གཞིགས་ནས། མུ་མཐུད་དུ་སློབ་སྦྱོང་གི་རྣམ་པ་རྒྱ་བསྐྱེད་པ་དང་སློབ་ཚན་གྱི་ནང་དོན་དུ་སངས་རྒྱས་ཆོས་ལུགས་དང་འབྲེལ་བའི་ཤེས་བྱའང་སྣོན་འཆར་ཡོད་ལ། སློབ་ཚན་དེ་སྦྱོང་བའི་དགོས་པ་ནི་མཐའ་མཚམས་ཀྱི་མང་ཚོགས་དང་འབྲེལ་འདྲིས་བྱེད་པར་སྟབས་བདེ་སྐྲུན་ཆེད་དུ་ཡིན་པ་བཤད་འདུག

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བསོད་ནམས་འཚོ།