བོད་མོ༢ལ་ཀྲུང་གོར་སེམས་འགུལ་ཐེབས་སུ་འཇུག་པའི་མི་སྣའི་མཚན་སྙན་ཐོབ།
སྤེལ་བའི་དུས་ཚོད། : 2018-03-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

བོད་ལྗོངས་ཡུལ་སྨད་ཤང་གི་སྒྲོལ་དཀར་དང་གཡང་འཛོམས་ལྕམ་སྲིང་གཉིས་ལ་2017ལོ་འཁོར་མོའི་ཀྲུང་གོར་སེམས་འགུལ་ཐེབས་སུ་འཇུག་པའི་མི་སྣའི་མཚན་སྙན་ཐོབ་པ།

ཕྱུགས་འཚོ་བཞིན་སྐོར་གཡེང་བྱེད་པ་ནི་སྒྲོལ་དཀར་དང་གཡང་འཛོམས་ཀྱི་ལོ་མང་རིང་གི་གོམས་གཤིས་སུ་གྱུར་ཡོད་པ་དང་། ལྕམ་སྲིང་གཉིས་ཀྱིས་རི་བོ་ཧི་མ་ལ་ཡ་གངས་རིའི་འདབས་སུ་ཆགས་པའི་ཡུལ་སྨད་ཤང་དུ་འཚོ་གནས་བྱེད་ཀྱི་ཡོད་པ་རེད། སྒྲོལ་དཀར་གྱིས"སྔོན་ཆད་ཨ་ཕ་ལགས་ཀྱིས་མཐའ་མཚམས་སུ་སྐོར་གཡེང་བྱེད་པར་འགྲོ་དུས། མདུན་དུ་སྐྱོད་བཞིན་རྒྱལ་དར་འཛུགས་ཀྱི་ཡོད་པས། ཁོང་ཉིད་ཀྱི་གོམས་གཤིས་བཞིན། ང་ཚོས་ཀྱང་དེ་བཞིན་བྱེད་ཀྱི་ཡོད"ཅེས་བཤད་པ་རེད། ཁོང་གཉིས་ཀྱི་ཨ་ཕ་ལགས་སངས་རྒྱས་ཆོས་པ་ནས་བརྩིས་ན། སྒྲོལ་དཀར་ཁྱིམ་ཚང་གིས་མཐའ་མཚམས་སྐོར་གཡེང་ལོ་ངོ་50ལྷག་རྒྱུན་འཁྱོངས་བྱས་པ་རེད།

སྒྲོལ་དཀར་ཁྱིམ་ཚང་གིས་སྣེ་ཁྲིད་འོག་དེང་སང་ཡུལ་སྨད་ཤང་དུ་དུད་ཚང་9ཡི་མི་འབོར་32ཡོད་པར་གྱུར་ཞིང་། མི་ཚང་མ་འོས་འགན་མཐའ་མཚམས་སྲུང་སྐྱོང་བྱེད་མཁན་དུ་གྱུར་པ་དང་། མཐའ་མཚམས་སྐོར་གཡེང་དང་སྲུང་སྐྱོང་བྱེད་པ་ནི་ཚང་མའི་རང་རྟོགས་ཀྱི་བྱ་སྤྱོད་དུ་གྱུར་ཡོད་པ་རེད། མི་རྣམས་ཀྱིས"ཁ་བ་རི་ལའི་འདབས་ཀྱི་ཡུལ་སྨད་ནི་ཧ་ཅང་ཆེན་པོ་ཞིག་ཡོད་པ་སྟེ། རྒྱལ་ཁབ་འགའ་ཤས་ཀྱི་རྒྱ་ཁྱོན་ལས་ཆེ་བ་ཡོད་པ་དང་། ཡུལ་སྨད་ནི་ཧ་ཅང་ཆུང་ཆུང་ཡང་ཡིན་པ་སྟེ། ལོ་ངོ་32རིང་དུ་འདིར་འཚོ་གནས་བྱེད་མཁན་ཁྱིམ་ཚང་གཅིག་ལས་མེད་པ་རེད། ཁྱིམ་ཚང་གཅིག་གི་མི་རབས་གཉིས་ཀྱིས་དུས་རབས་ཕྱེད་ཀ་ལྷག་གི་རིང་ལ་མཐའ་མཚམས་བརྟན་སྲུང་བྱས་ནས་རྗེས་སུ་ཡོང་མཁན་ཚོར་ཁྱིམ་ནི་ཡུལ་སྨད་དང་། རྒྱལ་ཁབ་ནི་ཀྲུང་གོ་ཡིན། མེས་རྒྱལ་གྱི་མངའ་ཁོངས་ཉུང་དུ་འགྲོ་མི་རུང"ཅེས་བཤད་པ་རེད།

《ཀྲུང་གོར་སེམས་འགུལ་ཐེབས་སུ་བཅུག་》ཅེས་པའི་སྒྲིག་འཛུགས་ཨུ་ལྷན་གྱིས་སྒྲོལ་དཀར་དང་གཡང་འཛོམས་ལ་བྱ་དགའ་སྤྲོད་པའི་སྨོན་ཚིག་ནང་དུ་ཉི་མ་མཐོ་སྒང་དུ་ཤར་དུས། རི་ཀླུང་ནོར་ལུག་གིས་ཁེངས། ཁྱིམ་ཡུལ་སྨད་དུ་ཡོད་ཅིང་། རྒྱལ་ཁབ་ཀྲུང་གོ་ཡིན། ཀྲུང་གོ་ནི་ཨ་ཕ་ལགས་ཀྱི་ཕྱག་གིས་བཙེམ་མྱོང་བའི་སྐར་ལྔའི་དར་དམར་ཡིན་པ་དང་། ཀྲུང་གོ་ནི་ལྕམ་སྲིང་གཉིས་ཀྱི་རྐང་འོག་ནས་ཁ་བྲལ་ཐབས་མེད་པའི་ས་ཆ་ཡིན་པས། མཐོ་སྒང་གིས་བརྩེ་དུང་ཟབ་མོ་གྱེས་མི་ཐུབ་ལ། འཁྱགས་རོམ་གྱིས་དཔྱིད་རླུང་འགོག་མི་ཐུབ། ཆུ་བོའི་འབྱུང་ཁུངས་བྱང་ཕྱོགས་སུ་ཡོད་ཅིང། སེམས་པ་ཕྱོགས་ས་ནི་མེས་རྒྱལ་ཡིན་ཞེས་པ་བྲིས་ཡོད་པ་རེད།

ཡོང་ཁུངས། མི་དམངས་དྲ་བ།
རྩོམ་སྒྲིག་པ། རྟ་མགྲིན།