ཕ་ལོ་སྲུང་དམག་ཏུ་གྱུར་བའི་མཛེས་པའི་བུ་མོ་ཞིག
སྤེལ་བའི་དུས་ཚོད། : 2018-01-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

དབྱི་རན་གྱི་མིང་ལMahdisཟེར་བའི་བུ་མོ་དེ་ད་ལོ་ལོ8ལ་སོན། བུ་མོ་དེ་ནི་ས་དེ་གའི་མང་ཚོགས་ཀྱིས་དགའ་བསུ་ཐོབ་པའི་བུ་མོ་མིང་གྲགས་ཅན་ཞིག་ཡིན། བུ་མོ་དེའི་གཤིས་ཀ་བཟང་ཞིང་བྱད་གཟུགས་མཛེས་པས་ཡུལ་མི་ཀུན་གྱིས་ཡིད་སྨོན་འཆོར་ཏེ་ལམ་ནས་ཐུགས་ན་མེ་ཏོག་དང་ལེགས་སྐྱེས་སྟེར་བ་རེད།

བུ་མོMahdisཡི་ཕ་མ་གཉིས་ཀ་དགའ་སྤྲོ་སྐྱེས་པ་དང་མཉམ་དུ་སེམས་ཁུར་ཞིག་ཀྱང་ངང་གིས་སྐྱེས་པས་བུ་མོའི་བདེ་སྲུང་གི་ཆེད་དུ་ཨ་ཕས་བྱ་བ་བསྐྱུར་ནས་ཉིན་རྒྱུན་བུ་མོ་ཡར་སྐྱེལ་མར་ལེན་གྱི་འགན་ཁུར་ཏེ་བུ་མོ་དང་ཁ་མི་འབྲལ་བར་བྱེད།

བུ་མོ་དེའི་སྐྱེས་གཟུགས་ཀྱི་སྙན་པ་དབྱི་རན་ལ་ཁྱབ་པར་མ་ཟད། འཛམ་བུ་གླིང་གིས་ཡིད་དབང་འཕྲོག་པས་བུ་མོ་དེར་དོ་སྣང་བྱེད་མཁན་ལྡབ་འགྱུར་གྱིས་འཕར་ཡོད།

Mahdisཡི་ཕ་མ་གཉིས་ཀྱིས་བསམ་དོན། ཁོ་རྣམ་པའི་བུ་མོ་ནི་བྱིས་པ་གཞན་དང་འདྲ་བར་འཚར་ལོངས་འབྱུང་བ་ལས་ཡུལ་མི་ཀུན་གྱིས་ཡིད་འཇོག་དང་དོ་སྣང་མི་བྱེད་པར་ཞུ་བ་རེད།

ང་ཚོས་བུ་མོ་འདིའི་ཡིད་འོང་གི་སྐྱེས་གཟུགས་ལ་ཡང་བསྐྱར་མིག་གིས་ལོངས་སྤྱོད་ཅིག་བྱེད།









ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
རྩོམ་སྒྲིག་པ། བསོད་ཚེ།