བྱང་ཁོ་རེ་ཡས་ཨ་རི་སོཊ་ཀྱིས་བརྙས་བཅོས་བྱས་པར་རྒོལ་ལན་སློག་རྒྱུ།
སྤེལ་བའི་དུས་ཚོད། : 2017-12-04 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

    སྤྱི་ཚེས་༣ཉིན་བྱང་ཁོ་རེ་ཡའི་མེས་རྒྱལ་གཅིག་འགྱུར་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པས་ཉེན་བརྡ་བཏང་ནས། ཨ་རི་དང་ལྷོ་ཁོ་རེ་ཡས་དེ་སྔོན་གཏན་འཁེལ་བྱས་པའི་སྤྱི་ཚེས་༤ཉིན་བྱ་རྒྱུའི་མཉམ་འབྲེལ་མཁའ་ཐོག་དམག་དོན་ནང་སྦྱོང་ནི་བྱང་ཁོ་རེ་ཡར་བརྙས་བཅོས་ཆེན་པོ་བྱས་པ་ཞིག་ཡིན་པས། བྱང་ཁོ་རེ་ཡས་བརྙས་བཅོས་བྱ་སྤྱོད་དེ་རིགས་ཡང་ཡང་ཐོན་པར་སྙིང་རྗེ་སྤུ་ཙམ་མེད་པར་རྒོལ་ལན་སློག་རྒྱུ་ཡིན་ཞེས་བསྟན་ཡོད།

སྤྱི་ཚེས་༣ཉིན་བྱང་ཁོ་རེ་ཡའི་ཀྲུང་དབྱང་གསར་འགྱུར་ཁང་གིས་མགྲིན་ཚབ་པ་དེའི་སྐད་ཆ་ལུང་དུ་དྲངས་ནས་གནས་ཚུལ་སྤེལ་ཏེ། ད་ཐེངས་ཨ་རི་དང་ལྷོ་ཁོ་རེ་ཡས་མཉམ་འབྲེལ་མཁའ་ཐོག་དམག་དོན་ནང་སྦྱོང་གི་གཞི་ཁྱོན་དང་ངོ་བོར་དམག་འཁྲུག་དངོས་ཀྱི་ཉེན་ཁ་ཆེན་པོ་ཡོད་ཅེས་བཤད་ཡོད་ལ། གནས་ཚུལ་སྤེལ་བའི་ནང་། བྱང་ཁོ་རེ་ཡས་ཨ་རི་དང་དེའི་རྗེས་འབྲངས་སྟོབས་ཤུགས་ལ་བསྐྱར་དུ་དྲན་སྐུལ་བྱས་པར། བྱང་ཁོ་རེ་ཡའི་ཆེས་མཐོའི་དབུ་ཁྲིད་ཅིན་ཀྲེང་ཨེན་གྱིས་སྤེལ་བའི་དེ་སྔའི་གསལ་བསྒྲགས་ནང། བྱང་ཁོ་རེ་ཡས་ལོ་རྒྱུས་ཐོག་ནན་ཤོས་ཀྱི་བྱ་སྤྱོད་སྤེལ་ཏེ་ཕ་རོལ་པོར་རིན་དོད་ཆེན་པོ་སྤྲོད་དུ་འཇུག་རྒྱུའི་བསམ་བློ་གཏོང་བཞིན་ཡོད་ཅེས་བཏོན་པ་བཀོད་ཡོད།

ཡོང་ཁོངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
རྩོམ་སྒྲིག་པ། རྡོ་རྗེ་གཡུ་སྒྲོན།