གོར་མོའི་ཆིང་ཧྭ་གཏེར་ལས་ཀྱིས་ཁྲིམས་འགལ་ངང་གཏེར་སྙིགས་ཏུན་ས་ཡ་5ལྷག་བཤངས་འབུད་བྱས་པ།
སྤེལ་བའི་དུས་ཚོད། : 2017-12-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

   

    ཉེ་ཆར། མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་སྲིད་གཞུང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག གོར་མོའི་ཆིང་ཧྭ་གཏེར་ལས་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གིས་གཏེར་སྙིགས་བཤངས་འབུད་ཀྱི་ཁོར་ཡུག་གནད་དོན་ལ་བརྟག་དཔྱད་དང་ཐག་གཅོད་བྱས་པའི་གནས་ཚུལ་བརྡ་ཁྱབ་བཏང་སྟེ། དེའི་གོང་འབྲེལ་ཡོད་སྨྱན་སྦྱོར་གྱིས་མཚོ་སྔོན་ཆིང་ཧྭ་གཏེར་ལས་ཀྱིས་བྱེ་ཐང་དུ་གཏེར་སྙིགས་བཤངས་འབུད་བྱས་པའི་གསར་འགྱུར་ཞིག་སྤེལ་བ་དེའི་ནང་དོན་འགའ་དོན་དངོས་ཡིན་པ་དང་། ཁེ་ལས་དེས་ཁྲིམས་འགལ་ངང་གཏེར་སྙིགས་བཤངས་འབུད་བྱས་པ་གཏན་འཁེལ་བྱས་འདུག

 

   གོར་མོ་གྲོང་ཁྱེར་སྲིད་གཞུང་གི་གསར་འགྱུར་མགྲིན་ཚབ་པ་མཱ་ཅན་ཝུའེ་ཡིས་ངོ་སྤྲོད་བྱས་པར། ས་ཆ་དངོས་སུ་བརྟག་དཔྱད་བྱས་པ་བརྒྱུད་གོར་མོ་ཆིང་ཧྭ་གཏེར་ལས་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གིས་2014ལོའི་ཟླ་8པའི་སྔོན་དུ་ཁྲིམས་འགལ་ངང་གཏེར་སྙིགས་བཤངས་འབུད་བྱས་པའི་གཏེར་སྙིགས་ཏུན་ས་ཡ་5དང་འབུམ་9ཙམ་ཟིན་པ་ལས་བཟོ་གྲྭའི་ཉེ་འཁོར་དུ་ཏུན་ས་ཡ་1དང་འབུམ་9ཁྲི་བཤངས་འབུད་བྱས་པ་དེས་གསར་འགྱུར་ཁག་ཏུ་རྒྱང་ཚོར་པར་རིས་དང་བརྙན་ལམ་ཐོག་ནས་མངོན་པའིསྦགས་བཙོག་ཁུལ་སྤྱི་ལེ་16་ཞེས་པ་དེ་གྲུབ་ཡོད་པ་དང་། དེ་མིན་གྱི་ཏུན་ས་ཡ་3དང་འབུམ་9ཁྲི་1ཙམ་ གཏེར་སྙིགས་ས་དོང་ནང་བཤངས་ཡོད་པ་རེད།

 

  2014ལོའི་ཟླ་8པ་ནས་2017ལོའི་ཟླ་2པའི་བར། ཁེ་ལས་དེས་ཐོན་སྐྱེད་བྱེད་མཚམས་བཞག་པ་དང་དུས་ཚོད་དེའི་རིང་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱི་བཅོས་སྒྲིག་བཀའ་རྒྱའི་བླང་བྱ་གཞིར་བཟུང་གཏེར་སྙིགས་ས་དོང་དུ་སིམ་འགོག་འགྱིག་ཤོག་འདིང་བའི་ལས་གྲྭ་དུས་ཐེངས་གཉིས་ལ་སྤེལ་བ་དང་། གཏེར་སྙིགས་བཤངས་འབུད་མདོང་ལམ་སྤྱི་ལེ་8བཏིང་བ་དང་ལྟ་དཔྱད་ཚད་ལེན་ཁྲོན་པ་1བྲུས་ཡོད་པ་རེད། 2017ལོའི་ཟླ་3པར་ཁེ་ལས་དེས་ཐོན་སྐྱེད་སླར་གསོ་བྱས་པ་ནས་བཟུང་ཁྲིམས་འགལ་ངང་གཏེར་སྙིགས་བཤངས་འབུད་བྱས་པའི་གནས་ཚུལ་ཐོན་མེད།

ཡོང་ཁུངས། མི་དམངས་དྲ་བ།
རྩོམ་སྒྲིག་པ། པད་མ།