རོང་བོ་བློ་བཟང་ཆོས་གྲགས་ཀྱིས་༧ཆོས་རྗེ་དོན་གྲུབ་རིན་ཆེན་གླེང་བ། ༼སྒྲ་ལྡན།༽
སྤེལ་བའི་དུས་ཚོད། : 2017-09-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】


རེབ་གོང་རོང་བོ་དགོན་ཆེན་གྱི་དགེ་བཤེས་ཆེན་མོ་བློ་བཟང་ཆོས་གྲགས།

ཙོང་ཁ་པའི་ཡོངས་འཛིན་ཐོག་མ་ཆོས་རྗེ་དོན་གྲུབ་རིན་ཆེན་སྐུ་འཁྲུངས་ནས་ལོ་འཁོར་༧༠༨ལོན་པའི་རྗེས་དྲན་བགྲོ་གླེང་ཚོགས་འདུ་ཉེ་སྔོན་མཚོ་སྔོན་གཅན་ཚ་རྫོང་དུ་བསྡུས་པ་དང་། ཚོགས་འདུའི་ཐོག་མཚོ་སྔོན་ཞིང་ཆེན་ཕྱི་ནང་གི་མགོ་ཁྲིད་མི་སྣ་དང་། དགོན་སྡེ་ཁག་གི་བླ་སྤྲུལ་དང་དགེ་བའི་བཤེས་གཉེན། སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བ་བཅས་མི་སུམ་བརྒྱ་ཙམ་ཞུགས་ཤིང་། ཚོགས་ཞུགས་མཁས་པ་ཁག་གིས་༧ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་གི་མཛད་རྗེས་དང་ཁོང་གི་འཁྲུངས་གཞིས་ལ་སོགས་ཀྱི་ཕྱོགས་ནས་བགྲོ་གླེང་གཏིང་ཟབ་གནང་བ་དང་། རང་རེའི་ལས་ཁུངས་ཀྱི་གསར་འགོད་པས་ཡུལ་དངོས་ནས་སྒྲ་བླངས་པ་ཉེ་སྔོན་ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བའི་ཐོག་ཇི་བཞིན་ཏུ་བཀོད་པ་ན་རྒྱ་ཆེའི་གསན་པ་པོས་གདེང་འཇོག་ཆེན་པོ་ཐོབ་ཡོད། དེ་བས་དེ་རིང་བསྐྱར་དུ་སྒྲ་བླངས་པ་ཁག་ལས་རེབ་གོང་རོང་བོ་དགོན་ཆེན་གྱི་དགེ་བཤེས་ཆེན་མོ་བློ་བཟང་ཆོས་གྲགས་ཀྱིས་༧ཆོས་རྗེ་དོན་གྲུབ་རིན་ཆེན་སྐོར་གྱི་གཏམ་བཤད་ཉིང་བསྡུས་ལ་ཀུན་གྱིས་ཞིབ་ཏུ་གསན་རོགས།

ལྷན་རྒྱས་ནས་གཤམ་གྱི་དྲ་ལམ་འཛུལ་དང་༧ཆོས་རྗེ་དོན་གྲུབ་རིན་ཆེན་དང་འབྲེལ་བའི་མཁས་མང་དཔྱད་གླེང་ཁག་ལ་གསན་ཐུབ།
http://www.tibetcnr.com/qtnew/ylsp/201708/t20170817_1165662.html

 

རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
གསར་འགོད་པ། རྡོ་ཐར།
རྩོམ་སྒྲིག་པ། སྒྲོལ་མ།