བོད་ལྗོངས་སུ་ཁོར་ཡུག་གནད་དོན་༤༢༤ལྷག་བྱུང་འདུག
སྤེལ་བའི་དུས་ཚོད། : 2017-09-03 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

    སྤྱི་ཟླ་བརྒྱད་པའི་ཚེས ༣༡ ཉིན། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་བཤེར་ཚོགས་ཆུང་དྲུག་པས་རང་ལྗོངས་ལ་ཁག ༡༦ པའི་གྱོད་དོན ༤༤ རྩིས་སྤྲོད་བྱས་པའི་ནང་ལྷ་ས་གྲོང་ཁྱེར་ལ ༣༤ དང་། ནག་ཆུ་ས་ཁུལ་ལ་གསུམ། གཞིས་རྩེ་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར་བཅས་ལ་གཉིས་རེ། ཉིང་ཁྲི་གྲོང་ཁྱེར་ལ་གཅིག་བཅས་ཡོད་པ་རེད། ད་བར་ཁྱོན་སྡོམ་གྱོད་དོན ༤༢༤ བསྒྲུབ་རྒྱུར་སྤྲད་པ་དང་གྱོད་དོན ༢༠༩ བཅད་པའི་ནང་ག གྱོད་དོན་གསར་པ་༡༦ཐག་བཅད་ཡོད།

  

 ཁྱོན་མི ༡༡༡ སྐོང་འདྲི་བྱས་པའི་ནང་ཐིང་རིམ་པའི་ལས་བྱེད་པ་གཉིས་དང་། རྫོང་རིམ་པའི་ལས་བྱེད་པ་༤༦ ཁོའོ་རིམ་པའི་ལས་བྱེད་པ་༤༧ དེ་མིན་གྱི་མི ༡༦ བཅས་ཚུད་ཡོད་པ་རེད། ཁྱོན་མི ༨༠ ལ་འགན་འཁྲི་བདའ་འདེད་བྱས་པའི་ནང་རྫོང་རིམ་པའི་ལས་བྱེད་པ ༣༠ དང་། ཁོའོ་རིམ་པའི་ལས་བྱེད་པ་༣༦ དེ་མིན་གྱི་མི ༡༤ བཅས་ཡོད་པ་དང་། མི ༡༩ ལ་བསླབ་འདོམས་སྐུལ་ལྕག་གི་གླེང་མོལ་བྱས་པ་དང་། མི་༧ལ་ཏང་ནང་ཁུལ་གྱི་ཉེན་བརྡ་བཏང་བ། མི ༢༡ ལ་སྲིད་འཛིན་གྱི་ཉེན་བརྡ་བཏང་བ། མི་༧ལ་སྲིད་འཛིན་གྱི་སྐྱོན་ཐོ་བཀོད་པ། མི་༢ལ་སྲིད་འཛིན་གྱི་ཚབས་ཆེའི་སྐྱོན་ཐོ་བཀོད་པ། མི་༡གི་གོ་གནས་ཕབ་པ། མི་༡ལ་ཡོངས་བསྒྲགས་ངང་དགོངས་དག་ཐུགས་བདེན་ཞུ་དགོས་པའི་བཀའ་བཏང་བ། མི ༢༢ ལ་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བཅས་བྱས་འདུག
ཁྱོན་ཚན་པ་དང་ཁེ་ལས ༢༨༨ ལ་ཡོ་བསྲང་བྱེད་དགོས་པའི་བཀའ་བཏང་བ་དང་། ཚན་པ་དང་ཁེ་ལས ༨༢ ལ་གྱོད་ཐོ་བཀོད་ནས་དངུལ་ཆད་སྒོར་ས་ཡ་༣འབུམ༤༠ དང་ ༦༢༠༠ བཅད་འདུག

ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།
རྩོམ་སྒྲིག་པ། རྡོ་རྗེ་གཡུ་སྒྲོན།