རྒྱ་གར་གྱིས་ཀྲུང་རྒྱ་ས་མཚམས་སུ་ལམ་བསྐྲུན་འཆར་འདུག
སྤེལ་བའི་དུས་ཚོད། : 2017-08-29 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

   སྤྱི་ཟླ་8ཚེས་24ཉིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་རྒྱ་གར་གྱིས་ཀྲུང་གོ་དང་རྒྱ་གར་བར་གྱི་མཐའ་མཚམས་ཀྱི་དུམ་བུ་ནུབ་མའི་ཚོད་འཛིན་ས་ཐིག་ཉེ་འཁོར་དུ་ལམ་བསྐྲུན་རྒྱུར་ཆོག་མཆན་བཀོད་པའི་གནས་ཚུལ་ལ་དམིགས་ནས་དོན་འདི་ནི་ཀྲུང་གོ་དང་རྒྱ་གར་བར་གྱི་མཐའ་མཚམས་ཀྱི་དུམ་བུ་ནུབ་མའི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་པར་ཕན་པ་མེད་ལ། མིག་སྔར་རྒྱལ་ཁབ་གཉིས་བར་གྱི་མཐའ་མཚམས་ས་ཁུལ་གྱི་གནས་བབ་ཞི་ལྷོད་དུ་འགྲོ་བར་ཡང་ཕན་པ་མེད་ཅེས་བསྟན་འདུག



  

ཉིན་དེའི་འཆར་ཅན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས་《རྒྱ་གར་སྐབས་དོན་ཚགས་པར་》དུ་གནས་འཕྲིན་སྤེལ་བར་གཞིགས་ན། ཉེ་ཆར། རྒྱ་གར་ནང་སྲིད་པུའུ་ཡིས་མཱར་སི་སྨི་ཁེ་ལཱ་ནས་རའེ་ཆོན་བར་གཞུང་ལམ་ཞིག་བསྐྲུན་རྒྱུར་ཆོག་མཆན་སྤྲད་ཡོད་ཅིང་། མཱར་སི་སྨི་ཁི་ལཱ་ནས་སྤང་གོང་མཚོའི་ནུབ་བྱང་སྣེ་མོའི་བར་ལམ་ཐག་སྤྱི་ལེ་20ཙམ་ལས་མེད། རྒྱ་གར་སྨྱན་སྦྱོར་གྱིས་གཞུང་ལམ་འདི་བསྐྲུན་པ་དེ་རྒྱ་གར་ལ་མཚོན་ན་རྒྱང་རིང་ས་ཁུལ་གྱི་རྒྱ་གར་བདེ་སྲུང་དཔུང་སྡེ་དང་ཀྲུང་གོ་དང་རྒྱ་གར་བར་གྱི་མཐའ་མཚམས་ཀྱི་རྩོད་གཞི་ཡོད་པའི་ས་ཁུལ་འབྲེལ་མཐུད་བྱས་ནས་རྒྱ་གར་མཐའ་སྲུང་དཔུང་སྡེའི་ལེགས་ཆ་འགན་སྲུང་ཏན་ཏིག་བྱེད་ཐུབ་ཅེས་བརྗོད་ཡོད། འདིའི་ཐད་ཀྲུང་གོའི་ཕྱོགས་ལ་ལྟ་ཚུལ་ཅི་ཞིག་ཡོད་དམ་ཞེས་དྲིས་པར། ཧྭ་ཁྲུན་ཡིང་གིས་དེའི་ལན་དུ། དེ་ནི་རྒྱ་གར་ཕྱོགས་ཀྱིས་རང་མགོ་ཆུ་འདྲེན་བྱེད་ཀྱི་ཡོད་པ་ལྟ་བུ་རེད། ཀྲུང་གོའི་ཕྱོགས་ཀྱིས་རང་ཉིད་ཀྱི་མངའ་ཁོངས་ས་ཆར་གཞུང་ལམ་སྐྲུན་སྐབས། རྒྱ་གར་ཕྱོགས་ཀྱིས་བདེ་འཇགས་ལ་དོ་ཁུར་ཞེས་པར་ཁ་གཡར་ ནས་ཁྲིམས་འགལ་ངང་རྒྱལ་མཚམས་ལས་བརྒལ་ནས་བཀག་འགོག་བྱས་པ་རེད། ད་ལྟ། རྒྱ་གར་ཕྱོགས་ཀྱིས་འདི་ལྟར་བྱས་པ་དེ་ནི་རྒྱ་གར་གྱིས་ཀྲུང་གོ་དང་རྒྱ་གར་བར་གྱི་མཐའ་མཚམས་ཀྱི་འབྲེལ་ཡོད་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་ཁ་ཞེ་མི་མཚུངས་པ་དང་། ཕན་ཚུན་འགལ་བ། སྔ་ཚིག་ཕྱི་འགལ་བཅས་བྱེད་ཀྱི་ཡོད་པ་ཡང་བསྐྱར་བདེན་དཔང་བྱས་ཡོད་ཅེས་བརྗོད་འདུག

  ཧྭ་ཁྲུན་ཡིང་གིས་ད་དུང་ཀྲུང་གོ་དང་རྒྱ་གར་བར་གྱི་མཐའ་མཚམས་ཀྱི་དུམ་བུ་ནུབ་མ་ད་དུང་དབྱེ་འབྱེད་གཏན་འབེབས་བྱས་མེད་ཅིང་། ཀྲུང་གོ་དང་རྒྱ་གར་ཕྱོགས་གཉིས་ཀས་མཐའ་མཚམས་གནད་དོན་ ཐག་གཅོད་བྱས་མེད་པའི་སྔོན་ལ། ཐུན་མོང་དུ་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུར་མོས་མཐུན་བྱུང་ཡོད་པ་ངས་བསྐྱར་བསྒྲགས་བྱེད་འདོད་ཡོད་ཅེས་བརྗོད་པ་དང་། རྒྱ་གར་ཕྱོགས་ཀྱིས་མཐའ་མཚམས་དུམ་བུ་ནུབ་མའི་ཚོད་འཛིན་ས་ཐིག་ཉེ་འཁོར་དུ་དམག་དོན་གྱི་དམིགས་ཡུལ་ལྡན་པའི་རྨང་གཞིའི་སྒྲིག་བཀོད་སྐྲུན་པ་དེ་ཀྲུང་གོ་དང་རྒྱ་གར་བར་གྱི་མཐའ་མཚམས་དུམ་བུ་ནུབ་མའི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་པར་ཕན་པ་མེད་ལ། མིག་སྔའི་རྒྱལ་ཁབ་གཉིས་བར་གྱི་མཐའ་མཚམས་ས་ཁུལ་གྱི་གནས་བབ་ཞི་ལྷོད་དུ་འགྲོ་བར་ཡང་ཕན་པ་མེད་ཅེས་བསྟན་འདུག

 ཡོང་ཁུངས། མི་དམངས་དྲ་བ།
རྩོམ་སྒྲིག་པ། རྡོ་རྗེ་གཡུ་སྒྲོན།