བོད་རྒྱ་སྐད་གཉིས་ཀྱི་ཁ་པར་མཉེན་ཆས་འགྲན་བསྡུར་ཆེན་མོ།
སྤེལ་བའི་དུས་ཚོད། : 2017-08-01 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

   སྤྱི་ཟླ་༧པའི་ཚེས་༣༡ཉིན། བོད་ལྗོངས་དྲ་སྦྲེལ་ཡིད་རྟོན་གཞུང་ལས་མཛུབ་སྟོན་ཁང་དང་ཀྲུང་གོའི་ཨིན་སྦྲེལ་དྲ་བའི་གོང་འཕེལ་ཐེབས་རྩ་ཚོགས་པ། བོད་ལྗོངས་སློབ་གྲྭ་ཆེན་མོ་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་བོད་རྒྱ་སྐད་གཉིས་ཀྱི་ཁ་པར་མཉེན་ཆས་འགྲན་བསྡུར་ཆེན་མོའི་བྱ་དགའ་སྤྲོད་པའི་མཛད་སྒོ་དེ་པེ་ཅིན་དུ་སྐོང་འཚོགས་བྱས་ཡོད་ཅིང་། ད་ལོའི་སྤྱི་ཟླ་དང་པོ་ནས་བཟུང་གཙོ་གཉེར་ཕྱོགས་ལ་ཁྱོན་འགྲན་བསྡུར་ནང་ཞུགས་པའི་ཁ་པར་མཉེན་ཆས་༢༠༠ལྷག་འབྱོར་བ་དང་ནང་དོན་ནི་གློག་རྡུལ་ཚོང་དོན་དང་། འཚོ་བའི་ཞབས་ཞུ། ཕབ་གཞོང་། ཡིག་སྒྱུར་སོག་རིགས་ཁག་མང་པོ་ཞིག་དང་འབྲེལ་བ་ཡོད་པ་རེད། རེས་སྐོར་མང་པོའི་ཕྱོགས་བསྡུས་དཔྱད་དཔོག་བྱས་པ་བརྒྱུད། ཁྱོན་བྱ་དགའ་རིམ་པ་དང་པོ་གཉིས་དང་བྱ་དགའ་རིམ་གཉིས་པ་བརྒྱད། ཕུལ་བྱུང་བྱ་དགའི་རྣམ་གྲངས་བདུན་བཅས་བདམས་ཐོན་བྱུང་བ་དང་། བོད་རིགས་མང་ཚོགས་ཀྱི་འཚོ་བ་དང་འཚམ་ཞིང་ཐོན་སྐྱེད་འཚོ་བའི་དོན་དངོས་གནད་དོན་ཐག་གཅོད་ཐུབ་པའི་ཕུལ་བྱུང་གི་བོད་རྒྱ་སྐད་གཉིས་ཀྱི་མཉེན་ཆས་ཁག་ཅིག་ལ་བྱ་དག་འོས་སྦྱོར་བྱས་ཡོད་པ་རེད།

འགྲན་ཞུགས་མཉེན་ཆས་དག་ལས་ཨེ་མ་ཧོ་(哎玛虎翻译)ཡིག་སྒྱུར་མཉེན་ཆས་དང་ཚོང་རའི་མེ་ལོང་(美隆)མཉེན་ཆས་ཞེས་པ་གཉིས་ལ་བྱ་དགའ་ཨང་དང་པོ་ཐོབ་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།