ནིའུ་ཟི་ལན་གྱི་ལུག་ཅིག་ལ་དུར་ཞུགས་མཛད་སྒོ་བསྡུས་འདུག
སྤེལ་བའི་དུས་ཚོད། : 2017-07-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

    སྲོག་ཆགས་ནི་མིའི་རིགས་ལ་ཆེས་བརྩེ་བའི་གྲོགས་པོ་ཡིན། མི་དང་རང་བྱུང་ཁམས་འཆམ་མཐུན་དགོས་པ་ནི་སྨྲ་ཅི་དགོས། དོན་དངོས་སུ་སྲོག་ཆགས་ཀྱང་ཧ་ཅང་སྤྱང་པོ་དང་གྲུང་པོ་ཡིན། ནིའུ་ཟི་ལན་གྱི་ལུག་ཅིག་རང་གི་བལ་འབྲེག་པར་ཧ་ཅང་མི་མོས་ཤིང་། ཉིན་གཅིག་བདག་པོས་འཚོ་སྐྱོང་བྱེད་དུས་ཁོ་སྐབས་དང་བསྟུན་ནས་བྲོས། བདག་པོས་ཉེ་འཁོར་དུ་བཙལ་ཀྱང་མ་རྙེད།

འདྲ་པར་འདི་བལ་འབྲེག་པར་མི་མོས་པའི་ལུག་དེ་རེད། 
 
    བློ་ཡུལ་ལས་འགོངས་པ་ཞིག་ལ་ཁོ་གར་སོང་ཆ་མེད་དུ་གྱུར་ནས་ལོ་ལྔའི་རྗེས་སུ་གློ་བུར་དུ་རང་འགུལ་གྱིས་བདག་པོའི་མིག་ལམ་དུ་མངོན་པར་གྱུར། བདག་པོས་མཐོང་བ་ཙམ་གྱིས་ངོས་ཟིན་ཅིང་ཧ་ཅང་ཡ་མཚན་སྐྱེས། ལོ་ལྔའི་རྗེས་སུ་ཁོ་སླར་ཡང་མཐོང་སྐབས་ལུས་ཡོངས་བལ་གྱིས་གཡོགས་ཤིང་སྣ་ཕྱིར་མངོན་པ་ཙམ་རེད།

འདྲ་པར་འདི་ནི་ལུས་བལ་གྱིས་གཡོགས་པའི་ལུག་དེ་རེད། 

གནས་ཚུལ་བརྒྱུད་བསྒྲག་བྱས་རྗེས་ལུག་འདི་ས་ཆ་དེར་འུར་ཧ་ཅང་ཆེ་བ་བྱུང་། བདག་པོས་ད་དུང་བརྙན་འཕྲིན་ལས་ཐད་གཏོང་བྱས་ཏེ་ཁོ་ལ་བལ་བྲེགས། ཁོས་ཧ་ཅང་འགོག་རྒོལ་བྱས་ནའང་བདེ་བླག་གིས་བལ་འབྲེག་ཐུབ་པ་བྱུང་། ཧང་སང་བ་ཞིག་ནི་ཁོའི་ལུས་སྟེང་དུ་བལ་རྒྱ་མ་བཞི་བཅུ་འདུག་ཅིང་། དེས་ནི་བལ་རྐྱང་གི་ལྭ་རིང་སུམ་བཅུ་བཟོ་ཐུབ།

འདྲ་པར་འདི་ནི་ཁོ་ལ་བལ་འབྲེག་བཞིན་པ་རེད།


མཐུག་ཅིང་ལྕི་བའི་ལུག་བལ་དེ་གཙང་དག་བཟོས་རྗེས་ལུག་འདི་ནི་ཕར་བལྟས་ཚོད་ཀྱིས་ཧ་ཅང་ཁམས་དྭངས་པོ་བྱུང་བ་འདྲ། ས་གནས་དེར་དེ་ལས་ཀྱང་མིང་གྲགས་རྒྱས་ཏེ་ཐ་ན་དེབ་གསུམ་གྱི་མི་སྣ་གཙོ་བོ་དང་། གཞན་ཧ་ཅང་མང་པོས་ཁོ་དང་མཉམ་པར་ལེན་འདོད་སྐྱེས། བདག་པོས་ཆེས་ལྟ་ན་མི་འདོད་པའི་དོན་དག་སླར་ཡང་བྱུང་བར་གྱུར།

འདྲ་པར་འདི་ནི་བལ་བྲེགས་རྗེས་ཀྱི་ལུག་རེད།

    བལ་བྲེགས་རྗེས་ཡུན་རིང་མ་འགོར་བར་ཁོ་གློ་བུར་དུ་ཤི། བདག་པོས་སྐྱོ་གདུང་ཆེན་པོ་བྱས་ཀྱང་ཁོ་ཤི་བའི་རྒྱུ་རྐྱེན་ཅི་ཡང་མ་རྙེད་ལ། སྡུག་བསྔལ་བཟོད་སྲན་གྱིས་དུར་སྦས་མི་བྱེད་ཀ་མེད་བྱུང་། ད་དུང་ཁོ་ལ་དུར་ཞུགས་མཛད་སྒོ་ཡང་བསྡུས་ཤིང་མྱ་ངན་ཞུ་བའི་མི་ཡང་མང་པོ་བྱུང་།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
རྩོམ་སྒྱུར་པ། འབྲོག་སངས།
རྩོམ་སྒྲིག་པ། གཤོག་པ།