ཡུལ་སྲོལ་རིག་གནས་ལ་བག་ཆཊ་འཇོག་པའི་གུང་གསེང་བྱེད་སྒོ་ལེགས་པོ།
སྤེལ་བའི་དུས་ཚོད། : 2017-07-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཉེ་ལམ། ཀན་ལྷོ་བསང་ཆུ་རྫོང་ཁོ་ཚེ་སློབ་ཆུང་གིས་༼རྟའི་གོང་གི་ཀ་ཁའི་བདག་པོ་༽ཞེས་པའི་ཡུལ་སྲོལ་རིག་གནས་ལ་བག་ཆགས་འཇོག་པའི་གུང་གསེང་བྱེད་སྒོ་ལེགས་པོ་ཞིག་སྤེལ་ཡོད་ཅིང་། བྱེད་སྒོ་དེར་ཤིང་སྣ་རྩི་ཏོག་ངོས་འཛིན་དང་། རྟ་སྒ་སྲབ་གསུམ་ངོ་སྤྲོད། སྦྲ་ནག་རིག་གནས་མཚམས་སྦྱོར་སོགས་མེས་པོའི་བློ་གྲོས་ཀྱི་རྩལ་ལས་ཐོན་ཞིང་ད་ལྟ་ཉམ་ང་ཉག་ཕྲ་བའི་ཡུལ་སྲོལ་རིག་གནས་སློབ་མ་ཚོར་ངོ་སྤྲད་འདུག

   བྱེད་སྒོ་འདི་སྤེལ་མཁན་ནི་རྒན་བཀྲ་ཤིས་ཚེ་རིང་ཡིན་ཞིང་། ཁོང་ནི་གཞུང་ཞབས་པའི་ལས་ཀ་བསྐྱུར་ནས་དགེ་རྒན་གྱི་ལས་གནས་ལ་ཞུགས་མཁན་ཞིག་ཡིན།

ཡོང་ཁུངས། བོད་སྐད་འཕྲིན་གྱི་ཕོ་ཉ།
རྩོམ་སྒྲིག་པ། དབྱངས་གསལ་པདྨ།