སོག་པོའི་སྲིད་འཛིན་གསར་པས་འགན་བཞེས་དམ་བཅའ་བཞག
སྤེལ་བའི་དུས་ཚོད། : 2017-07-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

   

     སྤྱི་ཟླ་༧པའི་ཚེས་༡༠ཉིན། སོག་པོ་རྒྱལ་ཁབ་ཀྱི་སྲིད་འཛིན་གསར་པ་པཱ་ཐེ་ཐུ་ལེ་ཀར་གྱིས་འགན་བཞེས་དམ་བཅའ་བཞག་ནས་སོག་པོའི་སྲིད་འཛིན་གྱི་འགན་དངོས་སུ་བཞེས་འདུག

 

  སྲིད་འཛིན་གསར་པ་པཱ་ཐེ་ཐུ་ལེ་ཀར་ནི་དམངས་གཙོ་ཏང་ཡིན་ཞིང་། འདེམས་ཤོག་མང་པོ་ཐོབ་ནས་སྲིད་འཛིན་ལ་འདེམས་བསྐོ་བྱུང་།

  

      ཁོང་སྲིད་འཛིན་དུ་བཞུགས་རྗེས་དཔལ་འབྱོར་འཕེལ་རྒྱས་དང་། བུ་ལོན་ཇེ་ཉུང་དུ་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད་པ་དང་། མང་ཚོགས་ཀྱིས་ཀྱང་རེ་བ་ཆེན་པོ་བཅངས་ཡོད།

  

     དེ་སྔོན་ཁོང་གིས་སོག་པོའི་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་སྡེ་ཚན་གྱི་འགན་འཛིན་གནང་མྱོང་ཞིང་། སྐབས་དེར་ཀྲུང་གོ་དང་སོག་པོའི་བར་གྱི་ལྕགས་ལམ་འཛུགས་སྐྲུན་བྱེད་པར་མ་འཐད་པར་འཛུགས་སྐྲུན་འཆར་གཞི་ཕྱི་སྣུར་བྱེད་དགོས་བྱུང་བ་མ་ཟད། ཁོང་གིས་འགན་བཞེས་རྗེས་སོག་པོའི་གཏེར་ཁ་སྔོག་འདོན་བྱེད་པར་ཚོད་འཛིན་དང་། སོག་པོའི་ཚོང་འབྲེལ་རྒྱལ་ཁབ་ཆེ་ཤོས་ཀྲུང་གོར་དོགས་ཟོན་ཡང་བྱེད་སྲིད་པའི་ཚོད་བགམ་བྱེད་ཀྱི་ཡོད།

  

     པཱ་ཐེ་ཐུ་ལེ་ཀར་གྱི་མི་ཚེའི་འགྲུལ་བཞུད་ནི་ངོ་མཚར་བ་ཞིག་དང་། སོག་པོའི་ན་གཞོན་ཚོ་ཁོང་ལ་དགའ་གུས་ཆེན་པོ་དང་ལྡན། སྡོད་ཁང་ཐབ་ཆག་ལས་འཚར་ལོངས་བྱུང་བའི་པཱ་ཐེ་ཐུ་ལེ་ཀར་གྱིས་སྤྱི་ཚོགས་རིང་ལུགས་དུས་སྐབས་ཀྱི་དཀའ་སྡུག་གི་འཚོ་བ་སྐྱེལ་མྱོང་ཡོད་ལ། དམངས་གཙོའི་སྤྱི་ཚོགས་སུ་འགྱུར་མཚམས་ཀྱི་སྤྱི་ཚོགས་ཟིང་ཆ་ཡང་བརྒྱུད་མྱོང་པ་རེད། ཁོང་གིས་རི་མོ་དང་འཇུ་རེས་སྦྱངས་པ་བྱས་ནས་མཐར་སྦེ་ག་ལུས་རྩལ་བ་ཞིག་ཏུ་གྱུར། སྤྱི་ལོ་༢༠༠༨ལོར་སོག་པོའི་སྦེ་ག་རུ་ཁག་གི་སྣེ་ཁྲིད་དེ་པེ་ཅིང་ཨོ་རྩལ་འགྲན་ཚོགས་སུ་ཞུགས་པ་མ་ཟད་སོག་པོ་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་གི་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོག་མ་དེ་བླངས་མྱོང་།

ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
རྩོམ་སྒྲིག་པ། བདེ་ལྷ་མོ།