སྒོར་མོས་ཉོ་ཐུབ་པ༡༢དང་ཉོ་མི་ཐུབ་པ༡༢།
སྤེལ་བའི་དུས་ཚོད། : 2017-06-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

མི་གཞན་སྒོར་མོས་ཉོ་ཐུབ་ཀྱང་ཕ་མ་སྒོར་མོས་ཉོ་མི་ཐུབ།
ལོངས་སྤྱོད་སྒོར་མོས་ཉོ་ཐུབ་ཀྱང་བདེ་སྐྱིད་སྒོར་མོས་ཉོ་མི་ཐུབ།
མི་སྒེར་སྒོར་མོས་ཉོ་ཐུབ་ཀྱང་མི་རིགས་སྒོར་མོས་ཉོ་མི་ཐུབ།
མཛེས་མ་སྒོར་མོས་ཉོ་ཐུབ་ཀྱང་བརྩེ་དུང་སྒོར་མོས་ཉོ་མི་ཐུབ།
ཁང་བ་སྒོར་མོས་ཉོ་ཐུབ་ཀྱང་ཁྱིམ་ཚང་སྒོར་མོས་ཉོ་མི་ཐུབ།
ལག་དུས་སྒོར་མོས་ཉོ་ཐུབ་ཀྱང་དུས་ཚོད་སྒོར་མོས་ཉོ་མི་ཐུབ།
ཉལ་ས་སྒོར་མོས་ཉོ་ཐུབ་ཀྱང་རྨི་ལམ་སྒོར་མོས་ཉོ་མི་ཐུབ།
དཔེ་ཆ་སྒོར་མོས་ཉོ་ཐུབ་ཀྱང་ཤེས་རིག་སྒོར་མོས་ཉོ་མི་ཐུབ།
ཟས་རིཊ་སྒོར་མོས་ཉོ་ཐུབ་ཀྱང་འཕྲོད་བསྟེན་སྒོར་མོས་ཉོ་མི་ཐུབ།
འདུག་ས་སྒོར་མོས་ཉོ་ཐུབ་ཀྱང་གུས་བཀུར་སྒོར་མོས་ཉོ་མི་ཐུབ།
ཁྲག་རྒྱུན་སྒོར་མོས་ཉོ་ཐུབ་ཀྱང་ཚེ་སྲོག་སྒོར་མོས་ཉོ་མི་ཐུབ།
སློབ་ཁང་སྒོར་མོས་ཉོ་ཐུབ་ཀྱང་སློབ་སྦྱོང་སྒོར་མོས་ཉོ་མི་ཐུབ།

ཡོང་ཁུངས། ལུགས་གཉིས་ཕོ་ཉའི་གླིང་།
རྩོམ་སྒྲིག་པ། བསོད་ནམས་འཚོ།