ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཨུ་ཡུག་གདོང་ཐུག་གི་གནས་ཚུལ་གསར་ཤོས།

2026-06-04 15:32:00     责编:娜科

  ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་2ཉིན། ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་དགོང་མོ་བརྙན་ལམ་ཐོག་ནས་གཏམ་བཤད་སྤེལ་སྐབས། ཨུ་རུ་སུས་ཡུག་རེན་གྱི་གྲོང་ཁྱེར་མང་པོར་གཞི་ཁྱོན་ཆེ་བའི་འཇབ་རྒོལ་བྱས་པས། མི་22རྐྱེན་ལམ་དུ་ཤོར་བ་དང་། མི་130ལ་རྨས་སྐྱོན་ཕོག་ཡོད། རྐྱེན་ལམ་དུ་ཤོར་མཁན་ཁྲོད་བྱིས་པ་གཉིས་ཚུད་ཡོད་ཅེས་བཤད་ཡོད།

 

 

མིག་སྔར། ཡུག་རེན་ཕྱོགས་ཀྱི་རོགས་སྐྱོབ་དང་ཉེན་རྟོག་ལས་དོན། གྲོང་ཁྱེར་དོ་དམ། མྱུར་སྐྱོབ་མི་སྣ་བཅས་ཀྱིས་རྒྱུན་མཐུད་ངང་མེ་གསོད་པ་དང་མི་སྣ་འཚོལ་སྐྱོབ། རྨས་མ་སྐྱོབ་བཅོས་བཅས་ཀྱི་ལས་དོན་སྤེལ་བཞིན་ཡོད། 

ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ཚེས་2ཉིན་བརྡ་ཁྱབ་བཏང་ནས། ཨུ་རུ་སུའི་དྲག་ཆས་དཔུང་སྡེས་ཚེས་1ཉིན་གྱི་དགོང་མོ་ནས་ཚེས་2ཉིན་གྱི་ཞོགས་པའི་བར་ཡུག་རེན་ལ་གཞི་ཁྱོན་ཆེ་བའི་རྡུང་རྡེག་བཏང་ཡོད་ཅིང་། སྒྲའི་འགྲོས་ཚད་མཐོ་བརྒལ་གྱི་མདེལ་ལམ་འཕུར་མདེལ་དང་མི་མེད་གནམ་གྲུ་ཚུད་པའི་བར་སྣང་རྟེན་གཞི་དང་སྐམ་སའི་རྟེན་གཞི། མཚོ་ཐོག་རྟེན་གཞི་བཅས་ཀྱི་རྒྱང་སྦྲེལ་གནད་འཁེལ་སྣ་འདྲེན་མཚོན་ཆ་སྤྱད་ཡོད། རྡུང་རྡེག་གཏོང་སའི་དམིགས་འབེན་ནི་ཡུག་རེན་གྱི་རྒྱལ་སྲུང་དམག་དོན་བཟོ་ལས་ཁེ་ལས་དང་སྣུམ་རྒྱུ་གསོག་འཇོག་སྐྱེལ་འདྲེན་སྒྲིག་བཀོད། དམག་སྤྱོད་གནམ་ཐང་བཅས་ཡིན་ཞེས་བརྗོད་ཡོད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག སྐལ་བཟང་བདེ་སྐྱིད། 

ཡིག་སྒྱུར། ཚེ་རྡོར།

འཛམ་གླིང་སྐར་ཁུངས།

▶ཐེ་རོན་ཕུས་དམག་འཁྲུག་མགྱོགས་མྱུར་ངང་མཇུག་སྒྲིལ་འདོད་ཡོད་ཟེར།

འདས་ཟིན་པའི་དུས་སྐབས་ཤིག་རིང་། ཐེ་རོན་ཕུའུ་ཡིས་དབྱི་རན་གྱི་དམག་འཁྲུག་མཇུག་སྒྲིལ་ཉེར་ཡོད་ཅེས་ཐེངས་མང་བརྗོད་ཡོད།

中央广播电视总台 央广网 版权所有

ཨུ་ཡུག་གདོང་ཐུག་གི་གནས་ཚུལ་གསར་ཤོས།

མིག་སྔར། ཡུག་རེན་ཕྱོགས་ཀྱི་རོགས་སྐྱོབ་དང་ཉེན་རྟོག་ལས་དོན། གྲོང་ཁྱེར་དོ་དམ། མྱུར་སྐྱོབ་མི་སྣ་བཅས་ཀྱིས་རྒྱུན་མཐུད་ངང་མེ་གསོད་པ་དང་མི་སྣ་འཚོལ་སྐྱོབ། རྨས་མ་སྐྱོབ་བཅོས་བཅས་ཀྱི་ལས་དོན་སྤེལ་བཞིན་ཡོད།