▶ཐེ་རོན་ཕུས་དམག་འཁྲུག་མགྱོགས་མྱུར་ངང་མཇུག་སྒྲིལ་འདོད་ཡོད་ཟེར།
ཚེས་19ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་ཕོ་བྲང་དཀར་པོར། དབྱི་རན་བར་གྱི་དམག་འཁྲུག་མགྱོགས་མྱུར་ངང་མཇུག་སྒྲིལ་འདོད་ཡོད་ཅེས་བརྗོད་ཡོད།
ཐེ་རོན་ཕུའུ་ཡིས། ང་ཚོས་དམག་འཁྲུག་དེ་མགྱོགས་མྱུར་ངང་མཇུག་སྒྲིལ་བ་བྱ་རྒྱུ་ཡིན། དབྱི་རན་ལ་ཉིང་རྡུལ་མཚོན་ཆ་ཡོད་མི་ཆོག ང་ཚོས་ངོ་སོ་ཧ་ཅང་ཆེ་བའི་བྱེད་ཐབས་ཤིག་གི་ཐོག་ནས་དོན་དག་དེ་མཇུག་སྒྲིལ་རྒྱུའི་རེ་བ་ཡོད་ཅེས་བརྗོད་འདུག
ཐེ་རོན་ཕུའུ་ཡིས་ད་དུང་། དབྱི་རན་གྱིས་གྲོས་མཐུན་འཇོག་རྒྱུའི་རེ་བ་ཧ་ཅང་ཆེན་པོ་བྱེད་ཀྱི་འདུག་ལ། ད་ཐེངས་ཀྱི་དམག་འཁྲུག་འདིར་ཞེན་པ་ཡང་ལོག་ཟིན་འདུག་ཅེས་བརྗོད་པ་རེད།
འདས་ཟིན་པའི་དུས་སྐབས་ཤིག་རིང་། ཐེ་རོན་ཕུའུ་ཡིས་དབྱི་རན་གྱི་དམག་འཁྲུག་མཇུག་སྒྲིལ་ཉེར་ཡོད་ཅེས་ཐེངས་མང་བརྗོད་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག ཟླ་བ་ཚེ་རིང་།
ཡིག་སྒྱུར། ཚེ་རྡོར།
















