ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶ཨ་རིའི་བྱེད་སྟངས་འདི་ནོར་བ་ཡོ་བསྲང་གི་གོམ་སྟབས་ཆུང་ཆུང་ཞིག་རེད།

2025-04-16 15:07:00     责编:娜科

 

ཁ་ས་ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་ཨ་རིས་ཐོན་རྫས་འགའ་ཤས་ཀྱི“འདྲ་མཚུངས་སྒོ་ཁྲལ”ཟེར་བ་དེ་ཆག་ཡང་བཏང་བའི་སྐོར་ལ་གསར་འགོད་པའི་བཏོན་པའི་དྲི་བར་ལན་བཏབ་འདུག ཚོང་དོན་པུའི་མགྲིན་ཚབ་པས། ཨ་རིའི་ཤར་རྒྱུད་དུས་ཚོད་སྤྱི་ཟླ་4ཚེས་12ཉིན། ཨ་རིས་འབྲེལ་ཡོད་བསམ་ཤེས་བརྗེད་ཐོ་ཁྱབ་བསྒྲགས་བྱས་ནས། རྩིས་འཁོར་དང་། རིག་ནུས་ལག་ཁྱེར་ཁ་པར། འདྲེན་གཟུགས་ཕུང་གསུམ་བཟོ་སྐྲུན་སྒྲིག་ཆས། འདུས་གྲུབ་གློག་ལམ་སོགས་ཐོན་རྫས་འགའ་ཤས་ཀྱི“འདྲ་མཚུངས་སྒོ་ཁྲལ”ཟེར་བ་དེ་ཆག་ཡང་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། ཀྲུང་གོས་དེའི་ཐད་ཀྱི་ཤུགས་རྐྱེན་ལ་དཔྱད་དཔོག་བྱེད་མུས་ཡིན། 

ང་ཚོར་དོ་སྣང་བྱུང་བར། འདི་ནི་ཨ་རིས་སྤྱི་ཟླ་4ཚེས་10ཉིན་གནས་སྐབས་རིང་ཉོ་ཚོང་རོགས་པ་ཁ་ཤས་ནས“འདྲ་མཚུངས་སྒོ་ཁྲལ”ཟེར་བ་དེ་མཐོ་པོ་ལེན་མཚམས་བཞག་པའི་རྗེས།  འབྲེལ་ཡོད་སྲིད་ཇུས་ལ་ལེགས་སྒྲིག་བྱེད་ཐེངས་གཉིས་པ་དེ་རེད། དེ་ནི་ཨ་རིས་ཕྱོགས་རྐྱང་པའི“འདྲ་མཚུངས་སྒོ་ཁྲལ”ཟེར་བའི་ནོར་འཁྲུལ་གྱི་བྱ་ཐབས་ལ་འགྱུར་ལྡོག་གཏོང་བའི་གོམ་སྟབས་ཆུང་ཆུང་ཞིག་རེད། སྲིད་འཛིན་བཀའ་རྒྱའི་ཐོག་ནས“འདྲ་མཚུངས་སྒོ་ཁྲལ”ཟེར་བ་བཏོན་པ་དེ་ནི་གཞི་རྩའི་དཔལ་འབྱོར་ཆོས་ཉིད་དང་ཁྲོམ་རའི་ཆོས་ཉིད་ལ་རྒྱབ་འགལ་བྱས་པ་ཞིག་ཡིན་ལ། རྒྱལ་ཁབ་ཁག་བར་གྱི་གསབ་རེས་མཉམ་ལས་དང་མཁོ་སྤྲོད་འབྲེལ་བ་སྣང་མེད་དུ་བཏང་བ་ཞིག་ཀྱང་རེད། “འདྲ་མཚུངས་སྒོ་ཁྲལ”ཟེར་བ་དེ་སྤྱི་ཟླ་4ཚེས་2ཉིན་ནས་ལག་བསྟར་བྱས་ཚུན། དེས་ཨ་རི་རང་ངོས་ཀྱི་གནད་དོན་གང་ཡང་ཐག་གཅོད་བྱེད་ཐུབ་མེད་ལ། དེ་ལས་ལྡོག་ཏེ་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་བཏང་བ་དང་། ཁེ་ལས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་ཁེ་གཉེར་དང་མི་དམངས་ཀྱི་འཚོ་བའི་འཛད་སྤྱོད་ལ་འགོག་རྐྱེན་ཚབས་ཆེན་བཟོས་ཡོད་པས། དེ་ནི་གཞན་གནོད་ཅིང་རང་ལ་ཕན་པ་ཞིག་མ་རེད། 

ཀྲུང་གོས་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བའི་ཐད་འཛིན་པའི་ལང་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་གཅིག་མཚུངས་རེད། ཉོ་ཚོང་དམག་འཁྲུག་ནང་རྒྱལ་ཁ་ཐོབ་མཁན་ཞིག་མེད་ལ། སྲུང་སྐྱོབ་རིང་ལུགས་ནི་ཐར་ལམ་མེད། གནའ་བོའི་ཀྲུང་གོའི་གཏམ་དཔེ་ལ། དྲིལ་བུ་འགྲོལ་བའི་ལས་ཀ་དེ། དྲིལ་བུ་འདོགས་མཁན་རང་གིས་བྱས་ན་ལེགས་ཞེས་ཟེར་སྲོལ་ཡོད། ང་ཚོས་ཨ་རིས་རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱལ་ནང་གི་ཕྱོགས་ཁག་གི་དཔྱོད་ཤེས་ལྡན་པའི་རེ་འབོད་ལ་ཉན་ནས། ནོར་འཁྲུལ་ཡོ་བསྲང་གི་ཐད་གོམ་པ་ཆེ་ཙམ་ཞིག་སྤོས་ཏེ། “འདྲ་མཚུངས་སྒོ་ཁྲལ”ཟེར་བའི་ནོར་འཁྲུལ་གྱི་བྱེད་སྟངས་དེ་རྦད་དེ་མེད་པ་བཟོས་ཐོག ཕན་ཚུན་བརྩི་བཀུར་བྱེད་པ་དང་། འདྲ་མཉམ་གླེང་མོལ་བྱེད་པ་བརྒྱུད་འགལ་ཟླ་ཐག་གཅོད་བྱེད་པའི་ཡང་དག་པའི་ལམ་བུའི་ཐོག་ཕྱིར་ལོག་བྱ་རྒྱུའི་སྐུལ་མ་གཏོང་རྒྱུ་ཡིན་ཞེས་གསུངས་འདུག 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག ཟླ་བ་ཚེ་རིང་། 

སྒྲིག་སྒྱུར། པ་སངས་ལྷ་མོ།

འཛམ་གླིང་སྐར་ཁུངས།

▶“བྱང་ཆིངས་ནང་ཞུགས་ཐུབ་ན་ཙུང་ཐུང་གི་འགན་གནས་ནས་དགོངས་ཞུ་བྱས་ཆོག”

ཙེ་ལན་སི་ཅིས་ཟླ་2པའི་ཚེས་28ཉིན་ཨ་རིར་འཚམས་འདྲི་ཞུ་རིང་ཕོ་བྲང་དཀར་པོར་ ཐེ་རོན་ཕུའུ་དང་ཨ་རིའི་ཙུང་ཐུང་གཞོན་པ་ཝན་སི་དང་གྲོས་མོལ་བྱས་ཡོད།

中央广播电视总台 央广网 版权所有

▶ཨ་རིའི་བྱེད་སྟངས་འདི་ནོར་བ་ཡོ་བསྲང་གི་གོམ་སྟབས་ཆུང་ཆུང་ཞིག་རེད།

ཀྲུང་གོས་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བའི་ཐད་འཛིན་པའི་ལང་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་གཅིག་མཚུངས་རེད།