ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶ཕུའུ་ཅིང་གིས་འཛམ་གླིང་དམག་ཆེན་གསུམ་པ་འབྱུང་མིན་ཐད་ལན་འདི་བཏབ།

2024-12-24 10:29:00     责编:娜科

  ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་22ཉིན། ཨུ་རུ་སུའི་རྒྱལ་ཡོངས་བརྙན་འཕྲིན་རླུང་འཕྲིན་ཀུང་སིས་ཚེས་19ཉིན་གསར་འགོད་པའི་ཚོགས་འདུ་གྲོལ་རྗེས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ལ་བཅར་འདྲི་བྱས་ཚུལ་ཁྱབ་བསྒྲགས་བྱས་པ་རེད།

 

 

འཛམ་གླིང་དམག་ཆེན་གསུམ་པ་འགོ་ཚུགས་ཡོད་མེད་འདྲི་སྐབས། ཕུའུ་ཅིང་གིས། མི་སུ་ལའང་འཇིགས་སྣང་སྐུལ་དགོས་དོན་མེད། ཉེན་ཁ་མང་པོ་ཡོད་པ་མ་ཟད་མུ་མཐུད་ནས་ཇེ་མང་དུ་འགྲོ་བཞིན་ཡོད། ཨུ་རུ་སུས་ཁ་གཏད་ཀྱི་བྱེད་ལུགས་བྱེད་སྟངས་མཐོང་སོང་། ཁ་གཏད་ཀྱིས་དུས་བབ་ཛ་དྲག་ཏུ་གཏོང་བཞིན་ཡོད། གལ་ཏེ་ཨུ་རུ་སུའི་ཁ་གཏད་ཀྱིས་དུས་བབ་མུ་མཐུད་ཛ་དྲག་ཏུ་གཏོང་འདོད་ཡོད་ན་ཁོ་ཚོར་བྱེད་དུ་ཆུགས། འོན་ཀྱང་ཨུ་རུ་སུས་ཐོག་མཐའ་བར་གསུམ་དུ་འགྲན་སློང་གང་རུང་ལ་ཁ་གཏད་འཇལ་རྒྱུ་ཡིན། ཨུ་རུ་སུའི་མིག་སྔའི་འགྲན་ཡ་དང་དེའི་མཉམ་ལས་རོགས་ཟླར་འགྱུར་མི་སྲིད་པ་མིན་པ་དག་གིས་སྐད་ཆ་འདི་ཐོས་པ་ན། སྐད་ཆ་འདིར་གོ་བ་ལོན་པ་ན། སྐད་ཆ་འདིའི་ནང་དོན་རྟོགས་པ་ན། ཁོ་ཚོས་བསྟུན་ཐབས་བྱེད་པའི་དགོས་པ་ཡོད་པ་དེ་ཤེས་ཀྱི་རེད། ཨུ་རུ་སུས་ཁོ་ཚོའི་བར་བསྟུན་ཐབས་བྱེད་འདོད་ཡོད་མོད། འོན་ཀྱང་ཨུ་རུ་སུའི་ཁེ་ཕན་ལ་གྱོན་གུན་བཟོས་མི་ཆོག་ཅེས་བརྗོད་པ་རེད།

ཨུ་རུ་སུ་དང་ཨ་རི་དང་ནུབ་ཕྱོགས་བར་གྱི་འབྲེལ་བ་འཛུགས་ཐུབ་མིན་འདྲི་སྐབས། ཕུའུ་ཅིང་གིས། དེའི་འདོད་བློ་ཡོད་ན་ཅི་ཡང་འབྱུང་སྲིད། དེ་འདྲའི་འདོད་བློ་ཨུ་རུ་སུས་གཏན་ནས་འདོར་མ་མྱོང་། རྒྱལ་སྤྱིའི་འབྲེལ་བའི་ཁྲོད་ཀྱི་ཡོད་ཚད་ལ་འགྱུར་ལྡོག་འབྱུང་བཞིན་ཡོད་མོད། ཨུ་རུ་སུ་དང་དེའི་མི་དམངས་ཀྱི་ཁེ་ཕན་ལ་འགྱུར་ལྡོག་འབྱུང་མི་སྲིད། གལ་ཏེ་ཨུ་རུ་སུས་གནས་བབ་ལ་འགྱུར་ལྡོག་བྱུང་བ་མཐོང་ཞིང་། རྒྱལ་ཁབ་གཞན་དག་དང་འབྲེལ་བ་འཛུགས་པའི་གོ་སྐབས་དང་མདུན་ལྗོངས་ཡོད་ཚེ། ཨུ་རུ་སུས་གྲ་སྒྲིག་ཡག་པོ་བྱས་ཡོད་མོད། འོན་ཀྱང་ཨུ་རུ་སུའི་ཁེ་ཕན་ལ་གྱོང་གུན་བཟོས་མི་ཆོག་ཅེས་བརྗོད་ཡོད།

གཞན་ཡང་ཕུའུ་ཅིང་གིས“ཀྲེན་ཤིང”(榛树)འཕུར་མདེལ་མ་ལག་ནི་ལོ་འཁོར་གྱི་དོན་རྐྱེན་ཞིག་མིན་པར། འཕུར་མདེལ་དང་འཇིག་རྟེན་འཕུར་སྐྱོད་ཁྱབ་ཁོངས་ཀྱི་ལོ་རྒྱུས་རང་བཞིན་གྱི་དོན་རྐྱེན་ཞིག་ཡིན་པ་དང་། མཚོན་ཆ་དེ་རིགས་ནི་ཐེངས་དང་པོར་ཐོན་པའང་ཡིན་ཞེས་བརྗོད་པ་དང་། ཕུའུ་ཅིང་གིས། ཨུ་རུ་སུའི་རྒྱལ་སྲུང་པུའུ་ནང་ཁུལ་དུ“ཀྲེན་ཤིང”འཕུར་མདེལ་མ་ལག་ཞིབ་འཇུག་གསར་སྤེལ་ཐད་བསམ་འཆར་མི་འདྲ་བ་ཡོད་པ་དང་། ཁོང་གིས་དངོས་འཐབ་ཀྱི་ཆ་རྐྱེན་འོག“ཀྲེན་ཤིང”འཕུར་མདེལ་མ་ལག་ལ་ཚོད་ལྟ་བྱེད་པར་དགོས་པ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག གཡུ་སྒྲོན།

སྒྲིག་སྒྱུར། ཚེ་རྡོར།

中央广播电视总台 央广网 版权所有

▶ཕུའུ་ཅིང་གིས་འཛམ་གླིང་དམག་ཆེན་གསུམ་པ་འབྱུང་མིན་ཐད་ལན་འདི་བཏབ།

ཨུ་རུ་སུ་དང་ཨ་རི་དང་ནུབ་ཕྱོགས་བར་གྱི་འབྲེལ་བ་འཛུགས་ཐུབ་མིན་འདྲི་སྐབས། ཕུའུ་ཅིང་གིས། དེའི་འདོད་བློ་ཡོད་ན་ཅི་ཡང་འབྱུང་སྲིད།