ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

འཕུར་མདེལ་ཡུག་རེན་ལ་འཕངས་པས་མི་མང་པོ་ཤི་རྨས་བཟོས།

2024-07-10 11:03:00     责编:卓玛才让

     ཡུག་རེན་གྱི་ཙུང་ཐུང་གཞུང་ལས་ཁང་གིས་ས་གནས་དེ་གའི་དུས་ཚོད་ཚེས་8ཉིན། ཨུ་རུ་སུས་ཡུག་རེན་ལ་གཞི་ཁྱོན་ཆེ་བའི་འཇབ་རྒོལ་བྱས་པ་དེས་མི་36རྐྱེན་ལམ་དུ་བཏང་བ་དང་གཞན་ཡང་མི་140ལ་རྨས་སྐྱོན་བཟོས་ཡོད་ཅེས་བརྗོད་འདུག

     གཞན་ཡང་ཡུག་རེན་རྒྱལ་ཁབ་ཛ་དྲག་གནས་ཚུལ་ཞབས་ཞུ་ཅུས་ཀྱིས་ཉིན་དེར་ཡུག་རེན་གྱི་རྒྱལ་ཡོངས་སུ་ཁྱོན་རོགས་སྐྱོབ་མི་སྣ་619དང་སྒྲིག་ཆས་132རོགས་སྐྱོབ་ལས་དོན་ནང་ཞུགས་ཡོད་ཅེས་བརྗོད་པ་རེད།

     ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅིས་ཚེས་8ཉིན་སྤྱི་འབྲེལ་སྨྱན་སྦྱོར་ཐོག ཉིན་དེར་ཨུ་རུ་སུས་ཡུག་རེན་ལ་འཕུར་མདེལ་འདྲ་མིན་སྣ་ཚོགས་40ལྷག་ཙམ་འཕངས་ཡོད་པ་དང་། ཡུག་རེན་གྱི་གྲོང་ཁྱེར་མང་པོའི་གྲོང་མིའི་ཐོག་ཁང་དང་རྨང་གཞིའི་སྒྲིག་བཀོད་ལ་ཚད་གཞི་མི་འདྲ་བའི་འཇབ་རྒོལ་ཁྲོད་གྱོང་གུན་ཕོག་པ་དང་། བྱིས་པའི་སྨན་ཁང་ཞིག་ལ་གཏོར་སྐྱོན་ཕོག་ཡོད། མིག་སྔར་རོགས་སྐྱོབ་སྡེ་ཚན་གྱིས་ཡུལ་དངོས་སུ་ཛ་དྲག་ངང་རོགས་སྐྱོབ་བྱེད་བཞིན་ཡོད་ཅེས་བཤད་ཡོད་པ་རེད།

     ཨུ་རུ་སུའི་རྒྱལ་སྲུང་པུས་ས་གནས་དེ་གའི་དུས་ཚོད་ཚེས་8ཉིན་གསལ་བསྒྲགས་སྤེལ་ནས། ཡུག་རེན་དཔོན་རིགས་ཀྱིས་ཨུ་རུ་སུས་འཕུར་མདེལ་སྤྱད་དེ་ཡུག་རེན་གྱི་དམངས་སྤྱོད་སྒྲིག་བཀོད་ལ་འཇབ་རྒོལ་བྱས་ཚུལ་བཤད་པ་དེ་དོན་དངོས་དང་མི་མཐུན་ཞིང་། ཅི་ཧྥུ་ལ་ཐེབས་པའི་གཏོར་བརླག་ནི་གྲོང་ཁྱེར་དེའི་མཁའ་ཟོན་མ་ལག་གིས་འཕེན་པའི་འཕུར་མདེལ་སར་ལྷུང་བ་ལས་བྱུང་ཞེས་བརྗོད་འདུག

中央广播电视总台 央广网 版权所有

འཕུར་མདེལ་ཡུག་རེན་ལ་འཕངས་པས་མི་མང་པོ་ཤི་རྨས་བཟོས།

ཡུག་རེན་གྱི་ཙུང་ཐུང་གཞུང་ལས་ཁང་གིས་ས་གནས་དེ་གའི་དུས་ཚོད་ཚེས་8ཉིན།