མཉམ་འབྲེལ་རྒྱལ་ཚོཊ་ཀྱི་དྲུང་ཆེ་ཆེན་མོས་འབོད་སྐུལ་གནང་བ།
ས་གནས་དེ་གའི་དུས་ཚོད་ཚེས་23ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུ་ཐེ་ལེ་སིས་ཆི་ལིའི་ཙུང་ཐུང་པོ་ལི་ཆི་ཡི་ཕེབས་རོགས་འོག་ལྷོ་སྣེའི་འཁྱགས་རོམ་ས་ཁུལ་དུ་གཟིགས་ཞིབ་གནང་སྐབས། ལྷོ་སྣེའི་འཁྱགས་རོམ་མགྱོགས་མྱུར་ངང་ཞུ་བཞིན་ཡོད་པ་དེ་ནི་ཆག་སྒོ་འབའ་ཞིག་ཡིན་པས། འཛམ་གླིང་ཡོངས་ཀྱིས་ཏི་པེ་རུ་འཚོག་གྲབས་ཡོད་པའི《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་ཉེར་བརྒྱད་པའི(COP28)རིང་ཐཱན་འབུད་ཉུང་གཏོང་གི་གྲོས་མཐུན་ཡི་གེ་འཇོག་རྒྱུའི་རེ་འབོད་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཀུ་ཐེ་ལེ་སིས་ལྷོ་སྣེའི་འཁྱགས་རོམ་ས་ཁུལ་དུ་དུས་ཡུན་ཉིན་གསུམ་གྱི་རིང་ལ་རྟོག་ཞིབ་བྱས།
COP28དེ་སྤྱི་ཟླ་11ཚེས་30ཉིན་ནས་སྤྱི་ཟླ་12ཚེས་12ཉིན་བར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏི་པའེ་རུ་འཚོག་རྒྱུ་རེད། སྨྱན་སྦྱོར་གྱིས་དབྱེ་ཞིབ་བྱས་པར་གཞིགས་ན། ཐེངས་འདིའི་ཚོགས་འདུའི་ཐོག《ཕ་རི་སིའི་གྲོས་ཆོད》ལ་ནུས་པ་ཐོན་རྗེས་གོ་ལ་ཧྲིལ་པོར་ཐེངས་དང་པོར་རྩིས་བཤེར་བྱས་པ་དེས་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་འཕེལ་རིམ་ལ་དུས་མཚམས་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གངས་ཕྲུག་བློ་རྒྱ།
སྒྲིག་སྒྱུར། སྙན་དབྱངས།