ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཨ་རི་དང་ཁ་ན་ཏའི་དམག་གྲུ་ཐའེ་ཝན་མཚོ་འགག་འགྲིམས་པའི་ཐད།

2023-09-12 17:52:00     责编:娜科

   ཤར་རྒྱུད་འཐབ་ཁུལ་གྱི་གསར་འགྱུར་མགྲིན་ཚབ་པས་ཨ་རི་དང་ཁ་ན་ཏ་ཡི་དམག་གྲུ་ཐའེ་ཝན་མཚོ་འགག་འགྲིམས་པའི་ཐད་གཏམ་བཤད་སྤེལ་བ། 

   ཤར་རྒྱུད་འཐབ་ཁུལ་གྱི་གསར་འགྱུར་མགྲིན་ཚབ་པ་ཏ་ཞའོ་དམག་དཔོན་ཧྲེ་དབྱི་ཡིས་ཟླ་9ཚེས་9ཉིན། ཨ་རིའི་“ཡུའེ་ཧན་ཤུན་”རྟགས་ཅན་གྱི་དམག་གྲུ་དང་། ཁ་ན་ཏའི་“ཨོ་ཐེ་ཧཱ་”རྟགས་ཅན་གྱི་དམག་གྲུ་ཐའེ་ཝན་མཚོ་འགག་འགྲིམས་པ་མ་ཟད་་ཡོངས་བསྒྲགས་སུ་འུད་སྒྲོག་ཀྱང་བྱས། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཤར་རྒྱུད་འཐབ་ཁུལ་གྱིས་སྒྲིག་འཛུགས་བྱས་པའི་མཚོ་ཐོག་དང་མཁའ་དབྱིངས་ཀྱི་དམག་ཤུགས་ཀྱིས་བརྒྱུད་རིམ་ཧྲིལ་པོར་ལྟ་ཞིབ་དང་ཉེན་ཟོན་བྱས་པ་དང་། ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་བྱས་ཡོད། འཐབ་ཁུལ་གྱི་དཔུང་སྡེས་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་ཆེན་པོར་བྱས་ནས། རྒྱལ་ཁབ་ཀྱི་བདག་དབང་བདེ་འཇགས་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལུགས་བསྟན། 

中央广播电视总台 央广网 版权所有

ཨ་རི་དང་ཁ་ན་ཏའི་དམག་གྲུ་ཐའེ་ཝན་མཚོ་འགག་འགྲིམས་པའི་ཐད།

ཤར་རྒྱུད་འཐབ་ཁུལ་གྱི་གསར་འགྱུར་མགྲིན་ཚབ་པ་ཏ་ཞའོ་དམག་དཔོན་ཧྲེ་དབྱི་ཡིས་ཟླ་9ཚེས་9ཉིན། ཨ་རིའི་“ཡུའེ་ཧན་ཤུན་”རྟགས་ཅན་གྱི་དམག་གྲུ་དང་།