ཨུ་རུ་སུས་འཇབ་རྒོལ་བྱས་པའི་རྗེས་ཤུལ་མི་འདུག་བཤད།
ལུའུ་ཐུའུ་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ཚེས་7ཉིན་བྱང་ཆིངས་ཀྱི་དྲུང་ཆེ་སི་ཐོའར་ཐེང་པེ་ཀེས་རོ་མ་ནི་ཡའི་ས་ཁོངས་ནང་རྙེད་པའི་མི་མེད་གནམ་གྲུའི་ཆག་རོ་དེ་ནི་ཨུ་རུ་སུས་རོ་མ་ནི་ཡར་རྐང་བཙུགས་ནས་འཇབ་རྒོལ་བྱས་ཏེ་བྱུང་བ་ཞིག་ཡིན་པའི་མཚོན་རྟགས་མེད་ཅེས་བཤད་པ་རེད།
ཟླ་9ཚེས་4ཉིན། ཡུག་རེན་གྱི་ཕྱི་འབྲེལ་པུས་ཨུ་རུ་སུའི་མི་མེད་གནམ་གྲུས་ཡུག་རེན་གྱི་གྲུ་ཁའི་སྒྲིག་བཀོད་ལ་མཚན་མོར་འཇབ་རྒོལ་བྱེད་སྐབས། རོ་མ་ནི་ཡའི་མངའ་ཁོངས་སུ་ལྷུང་ནས་འབར་གས་བྱུང་ཡོད་ཅེས་བཤད་པ་དེ་རོ་མ་ནི་ཡས་ཁས་ལེན་བྱས་མེད།
ཉིན་དེའི་ཚེས་6ཉིན། རོ་མ་ནི་ཡའི་འགོག་སྲུང་པུས་རོ་མ་ནི་ཡའི་མངའ་ཁོངས་ནས་མི་མེད་གནམ་གྲུ་ཆག་རོ་འདྲ་པོ་ཁག་གཅིག་རྙེད་པ་དང་། མིག་སྔར། ཆག་རོ་དེ་དག་ལ་སྔར་བས་བརྟག་དཔྱད་བྱེད་བཞིན་ཡོད་ཅེས་བཤད་པ་རེད།